| | e-texts navigator
|
27b1 བལ་མ་དང་ཡེ་ཤེས་པདང་ཤ་བཅད། བསྒོམ་པའི་དམིགས་ནི་བསྟེན་པར་བྱ།། འཁོར་འདས་ཅིག་པར་གྱུར་བ་ཡི།། རིན་པ་ཆོས་སྐུ་སྟོང་གསལ་སྐོམ།། ཡིས་ཆེན་པོའི་ངང་ལ་བཞག། སྒྲིབ་པའི་སྐྱོན་ཡང་གས།
27b2 བར་བྱ།། སྐྱོན་ཡང་རང་བཞིན་བསམ་མི་དགོས།། མི་དགོས་པ་ཡི་དཔེ་གསུམ་བསྟན།། མར་མེ་དང་ནི་ཉི་མ་དང་།། ནོར་བུ་རྐུ་མདངས་ལྟ་བུའོ།། དེ་ནས་སྒྲིབ་པ་རང་དེངས་འགྲོ།། འབྲས་བུའི་རང་བཞིན་ལྡན་པ་ཡིས།།
27b3 བཙལ་མི་དགོས་པའི་རང་བཞིན་གནས།། ད་ལྟར་བག་ཆགས་ལུས་གནས་པས།། འོད་བཟངས་འབར་བའི་དཔལ་བེའུ།། དེ་ཉིད་སྡུག་འཕོ་འཁའ་ལ་འཆར།། ཡིས་སྐར་མ་ལམ་མེ་ག།། དེ་དང་མི་འབྲལ་འགྲོགས་པ་ནི།། ལག་ན།
27b4 འོད་འབར་སྣང་བའོ།། རང་གིས་རང་ངོ་ཤེས་པ་ནི།། འགྲོ་བའི་མར་མེ་ཡིས་སྒྲོན།། རིན་ཆེན་སྦུབ་སུ་གནས་པ་ནི།། གཟི་བརྗིད་ཆེན་པོ་ལྟ་ན་སྡུག། དེ་ཀུན་ཐིག་ལེ་གཅིག་ཏུ་གནས།། རང་བཞིན་ལྡན་པས་འབྲས་བུའོ།། མ
27b5 ངག་རྫོགས་ཆེན་རྣམ་པ་གསུམ།། འབྲས་བུའི་གཏེར་གསུམ་སྦ་བའོ།། བྱང་ཆུབ་སེམས་ཀྱི་རྫོང་ལ་ནི།། ཐིག་ལེ་ཉག་ཅིག་གཏེར་སྦའོ།། ཐིག་ལེ་ཕྱི་ནང་རྩལ་རྫོང་ལ།། ཀུན་བཟངས་རོལ་པའི་གཏེར་སྦའོ།། ཡིད་ཀྱི་རྣམ
27b6 ཤེས་རྫོང་ཆེན་ལ།། རང་བྱུང་ཡེ་ཤེས་གཏེར་སྦའོ།། མཉམ་པ་ཆེན་པོ་མི་གཡོ་བས།། རྫོང་ལ་གཏེར་སྦས་རྒྱས་གདབ་བོ།། སྟོང་མཐུན་མ་གཞིའི་མན་ངག་འདི།། སྟོན་པ་རྡོ་རྗེ་འཆང་ཆེན་གྱིས།། དགའ་རབ་རྡོ་རྗེ་ཉིད་ལ་བཤད།
27b7 ཆོས་ཀྱི་མ་བཞི་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གང་ཟག་ལམ་གྱིས་ཆ་ཆེན་ཡང་གསུངས་པ། དང་པོ་ཐུགས་སར་བཏུགས་པ་དང་།། བར་དུ་འགྲོ་སར་བཏང་བ་དང་།། ཐ་མ་འདུག་པར་བན
iiif viewer powered by OpenSeadragon
27a - 28a