| | e-texts navigator
|
27a1 སྐུ་ལས་ཐུག་པས་ན།། ལམ་ལ་བསྒྲོད་དུ་མེད་པའོ།། བསྒོད་མེད་ལམ་ལ་གནས་པར་བྱ།། སྤང་བར་བྱ་བའི་རྒྱུ་གང་ཡིན།། མ་རིག་པ་དང་ལོག་ལྟ་དང་།། ལོག་རྟོག་གཉིས་འཛི།
27a2 ཐེ་ཚོམ་རྣམས།། རྩད་ཆོད་ནས་ནི་རང་དེངས་འགྲོ།། འབྲས་བུའི་གདེང་དུ་བཏུགས་བྱས་ནས།། མ་རིག་ཁ་ནི་ནང་དུ་ལྟས།། རིག་པས་འཁོར་འདས་ཆོས་རྣམས་ཀུན།། ཆོས་ཀྱི་སྐུ་ལས་བྱུང་བའི་ཤེས།། ཀུན་རྫོབ
27a3 རྣམ་གྲངས་བརྗོད་འདས་ཡང་།། འཁོར་བའི་ཆོས་ལ་འདུས་པ་ཡིན།། མྱ་ངན་འདས་པ་དོན་དམ་ཉིད།། དོན་དམ་གྲངས་མེད་དེ་རུ་འདུས།། དེ་དག་ཐ~ཾད་སྣང་བ་ཡང་།། ཆོས་ཀྱི་སྐུ་ལས་ཐ་མི་དད་།། ཡུལ་གྱིས་ཡིས་ཀློང
27a4 བཏོལ་བ།། བག་ཆགས་སྦུབས་ཀྱི་སྣང་བ་ལ།། ཡེ་ཤེས་བཞི་དང་ལྡན་པས་ན།། བྱ་བ་གྲུབ་པ་ཆ་ལ་གནས།། སྒྱུ་མའི་ལུས་ལ་ཡིས་ལྔ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། ཡོན་ཏན་སྐུའི་ཀློང་བཏོ།།
27a5 བ། ཐུན་མོངས་ཡོན་ཏན་སྣང་བ་ཡང་།། འགྲོ་འོང་མེད་དང་འདུ་འབྲལ་མེད།། སྐྱེ་འགག་མེད་དང་འཕེལ་འགྲིབ་མེད།། ཅིག་པ་ཐ་དད་མེད་པའོ།། ཐུན་མོངས་མ་ཡིན་ཡོན་ཏན་ནི།། ལོག་པའི་ཡོན་ཏན
27a6 སྣང་བ་ཡང་།། ལུས་དང་ངག་དང་ཡིད་གསུམ།། ཡང་དག་པའི་ཡོན་ཏན་ནི།། སྐུ་དང་གསུང་དང་ཐུགསུ་སྣང་།། འཁོར་འདྲས་གཉིས་སུ་སྣང་བ་ཡང་།། ཀུན་ལ་ཁྱབ་པར་གནས་པ་དང་།། གཟུགས་ཅན་མ
27a7 ཡིན་འགྲོ་འོང་མེད།། དུས་ནི་ཐད་པ་ཡིན་ནོ།། སེམས་ཀྱི་གདར་ཤ་གཅད་པར་བྱ།། ལྷག་མཐོང་རིག་པའི་ཡིས་ཀྱི།། མ་རིག་པའི་གདར་ཤ་གཅད།། ཆོས་སྤྱི་རང་གི་མཚན་ཉིད་ཀྱིས།། ཐེ་ཚོམ་གདང་ཤ་བཅད་པ
iiif viewer powered by OpenSeadragon
26b - 27b