| | e-texts navigator
|
26b1 བྱོལ་སོང་གནསུ་སྐྱེ།། འདོད་ཆགས་མི་ལ་ང་རྒྱལ་སྣ།། ཕྲ་དོག་ལྷ་མ་ཡིན་དུ་འཁྲུལ།། འཁོར་བ་ལུག་སུ་འཇུག་པའོ།། འཁོར་བ་བཟློག་ན་རྒྱུ་རྣས་བཟློན།། མ་རིག་པ་ཉིད་བརྩང་ནས་བཅད།། རང་རིག་དང་།
26b2 པོའི་སོ་ལ་ཞག། འཁྲུལ་པ་ལོག་པར་ཐེ་ཚོམ་མེད།། ཆོས་ཀྱི་མཐའ་ཡང་གང་ཡིན་ན།། ཆོས་སྐུ་གཉིས་མེད་ཆེན་པོ་ནི།། གཞི་རྩ་མེད་པས་སེམས་ཉིད་འདི།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། བརྗོད་པས་ཐོག།
26b3 ཏུ་མི་ཕེབས་པས།། ཆོས་ཀྱི་དེ་ལས་བྱུང་བའི་འབྲེལ།། སྐུ་གསུམ་དབྱིངས་ནས་ཡིས་དང་།། མཚན་དང་དཔེ་བྱད་ལྟར་སྣང་བ།། དེ་ལས་ལོག་ལྟེ་པ་རིག་པས།། བསྡུས་པ་ཐ~ཾད་ཆོས་ཅན་ནོ།། དེ་རྣམས་ཀུ
26b4 གྱིས་མཐར་གཏུགས་པ།། ཆོས་ཀྱི་མཐར་གཏུག་ཞེས་བྱ་སྟེ།། འཁོར་བ་ལུགས་ལས་བཟློག་པའོ།། སྐུའི་ངོ་བོར་བཏུག་པ་ནཱི།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད།། འང་གསལ་སྒྱུ་མའི་སྐུ་ཡིན་པས།། གཉིས
26b5 མེད་བརྗོད་པར་མི་ནུསོ།། ཆོས་ཀྱི་དབྱིངས་ཀྱི་མདུར་བཏུགས་ན།། རིག་པའི་ཡུལ་ལྟར་སྣང་བ་ཡང་།། ཤིན་ཏུ་ཕྲ་བའི་སྟོང་ཉིད་འདི།། རིག་པ་སྟོང་བ་དབྱེར་མི་ཕྱེད།། བརྗོད་པར་རབ་ཏུ་དཀའ་བའོ།། དབྱིངས་ནི་སྲ
26b6 མཐའ་བྲལ་བར་ཐུག། རྒྱུ་ཡི་ངོ་བོར་བཏུགས་པ་ན།། ཀུན་རྫོབ་སྡང་བ་འཁོར་བའི་རྒྱུ།། འདས་པར་སྣང་བ་དོན་དམ་རྒྱུ།། འཁོར་འདས་གཉིསུ་སྣང་བའོ།། རྒྱུའི་ངོ་བོར་ཆོས་ཉིད་ཡིན།། ཆོས་ཉིད་སྐྱེ་བ་མེད
26b7 པར་ཐུག། ལམ་གྱིས་སྟོབསུ་བཏུག་པར་བྱ།། ཐེག་པ་རིམ་པའི་ལམ་རྣམས་ཀྱི།། ནང་ནས་ལ་མེ་སྟོབས་གང་ཆེན།། སྐུ་ལས་ལམ་དུ་བྱེད་པས་ན།། འབྲས་བུ་ཉིད་ལ་ལམ་ཤེས་པས།། ལོམ་ཉིད
iiif viewer powered by OpenSeadragon
26a - 27a