| | e-texts navigator
|
26a1 པས། རིག་པའི་ཡུལ་དུ་བརྗོད་མི་ཤེས།། དག་ཅིང་སྟོང་ལ་ཡངས་ཤིང་ཁྱབ།། དེ་ནི་ཡུལ་ལྟར་སྣང་བ་ནི།། སྐུ་དང་ཡིས་ཀུན་གནས་པས།། དབྱིངས་ཀྱི་གནས་ལུགས་ཞེས་བྱ་སྟེ།། གནས་ལུགས
26a2 དྲུག་པ་ཞེས་བྱ་བ།། ཆོས་ཉིད་ངང་ན་ཆོས་སྐུ་བཞུགས།། ཆོས་སྐུའི་སྐུ་གསུང་ཐུགས་ཡིན་ཏེ།། དུས་གསུམ་འདུ་འབྲལ་མ་མྱོང་བས།། སྐུ་གསུམ་ཆོས་ཀྱི་སྐུ་ལས་བྱུང་།། ཆོས་སྐུ་རིག་པ་སྟོང་གསལ་དང་།། ཆོས་ཉིད
26a3 ཡུལ་དུ་སྣང་བ་གཉིས།། སྟོང་པ་ཟང་ཐལ་དབྱེར་མེད་པས།། སྐུ་དང་ཡིས་གནས་ལུགས་ཡིན།། དེ་ལས་ཤེས་པ་བྲེང་ཙམ་བྱུང་།། དེ་ནི་རིག་པ་ཙམ་ཡིན་ཡང་།། དགེ་དང་མི་དག་མི་གནས་ཕྱིར།། དེ་གཉིས་གང་ལྟར་མ།
26a4 རིག་པས།། མ་རིག་པ་ཞེས་སྟོན་པས་བརྟགས།། དོན་ལ་གདགས་པར་བྱ་བ་མེད།། དེ་ལས་རགས་པར་བྱུང་བ་ཡང་།། པ་ཀི་ཅི་ཡིན་བྱ་བ་ཙམ།། དབྱིངས་ཉིད་སྟོང་པ་ཕྲ་བ་ཙམ།། དེ་མ་ལོགས་པར་ལྟ་བར་བྱུང་།། དེ
26a5 བས་རིག་པར་སྣ་བ་ཡང་།། སྣང་ལ་ལུས་སེམས་ང་ཡིར་འཛིན།། སྐད་ཅིག་ཙམ་ལས་ལོག་པར་ཏོག། ཕྱི་ལ་ངའི་ཡུལ་ཙམ་དུ།། སྣང་བའི་ཞེན་པ་བྱུང་བ་ནི།། དབྱིངས་ལས་ཡུལ་དུ་བཟུང་བ་ཡིས།། ཡུལ་ཙམ་སྣང་བ
26a6 དག་ལ་རྟོག། གཟུང་དང་འཛིན་པ་སྣང་ཞེས་བྱ།། དེ་བས་རགས་པ་ལོག་པར་ཞིན།། དེ་ནི་ནང་གི་ང་ཡིན་ཏེ།། ཉེར་ལེན་ཕུང་པོ་ལྔ་པོ་ལ།། ཞེན་པར་སྡང་བའི་ང་ཡིན་ཏེ།། ཆོས་ཀྱི་ཕུང་པོ་སྐྱེ་མཆེད་ཁམས།། གཟུག
26a7 ལ་སོགས་པ་ཐཾད་ལ།། ལོག་པར་ཞེན་པར་བྱེད་པའོ།། དེ་ནས་ལེགས་པར་ཆགས་པའོ།། དེ་ལས་ལོག་པར་ཞེ་སྡང་ཏེ།། དེ་ནས་དམྱལ་བར་སོང་བའོ།། སེར་སྣ་ཡི་དགས་ལུས་ལེན་ཅིང་།། གཏི་མུག
iiif viewer powered by OpenSeadragon
25b - 26b