| | e-texts navigator
|
25b1 གཞན་རྣམས་ཕམ་བྱེད་པ།། སྟོབས་ཀྱི་བདག་པོ་རྡོ་རྗེ་འཆང་།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། གུས་པའི་ཚུལ་གྱི་བདག་འདུད།། ཞེས་ས་བཅུའི་མགོན་པོ་དགའ་རབ་རྡོ་རྗེས་བསྟོད་པའོ།། པདྨ
25b2 འཁྱིལ་པའི་རྒྱུད་ལས།། རྡོ་རྗེ་སེམས་དཔའི་ཚུལ་ཡོངས་སུ་རྫོགས་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དགོངས་པའི་ངང་ནས
25b3 ཆོས་ཀྱི་མ་གཞི་གང་ཟག་གི་ཆ་རྐྱེན་དུ་གསུངས་པ། ཡང་དག་དོན་གྱི་གནས་ལུགས་དང་།། སྣང་ལུགས་རྣམ་པར་བཞག་པའོ།། ཆོས་སྐུ་དྲི་མ་མེད་པ་ནི།། དཔྱིང་དང་ཡེ་ཤེས་གཉིས་མེད་ཅིང་།། འཁོར
25b4 འདས་གཉིས་སུ་མེད་པར་གནས།། བརྗོད་པས་ཐོག་ཏུ་མི་ཕེབས།། རང་བྱུང་ཡེ་ཤེས་ཆེན་པོ་ནི།། རྒྱུ་རྐྱེན་ལས་ཀྱིས་མ་བྱས་པས།། རང་བྱུང་ཡིན་ལ་ཆེན་པོ་ཡིན།། གསལ་ལ་མི་རྟོག་ཡེ་ཤེས་ནི།
25b5 ལས་ཀྱི་དབང་དུ་གྱུར་པས་ན།། རང་བྱུང་ཡེས་ཆེན་པོར་གནས།། སྐུའི་གནས་ལུགས་འོད་ཀྱི་སྐུ།། ཞལ་གཅིག་ཕྱག་གཉིས་ཁ་སྦྱར་ཏེ།། དབྱིངས་དང་ཡེ་ཤེས་ཁ་སྦྱོར་གནས།། ཕོ་མོ་མ་ནིང་མཚན་མ་དོང
25b6 མ་ནིང་མ་ཡིན་པར་གནས་པས།། ཐུགས་རྗེ་འབྱུང་བའི་རྒྱུ་ཅན་ཡིན།། གསུང་གི་གནས་ལུགས་དོན་གྱི་གསུངས།། མ་བརྗོད་བརྗིད་འདྲར་གོ་བ་ནི།། རིག་པའི་གསུངས་ཆེན་བརྡའ་སྤྱད་པས།། དེ་ལས་སྒྲ
25b7 ཅིག་བྱུང་དུས་གསུང་།། ཐུགས་ནི་རིག་པ་འགག་མེད་དེ།། དེས་ནི་ཐད་གསལ་བར་མཁྱེན།། དབུགས་མེད་མི་རྟོག་མཁྱེན་པའི་ཐུགས།། དེ་ནི་རིག་པའི་མི་འགྱུར་བའོ།། དབྱིངས་ནི་སྟོང་ཞིང་བདག
iiif viewer powered by OpenSeadragon
25a - 26a