| | e-texts navigator
|
25a1 བའི་ཚྭ་ལུག་སུ་བསྟནས། མུ་སྟེ་གཱ་ལོག་ལྟ་ཅན་ཚར་བཅོད་པའི་ཕྱིར། ང་རྒྱལ་གྱི་གདངས་ཀྱིས་བདུད་དཔུང་ཟིལ་གྱི་མནན་པའི་ཕྱིར། འདི་སྐད་ཅེས་སྨྲས་སོ།། དུར་ཁྲོད་ཆེན་པོ་རོའི
25a2 གླིང་།། ཀེང་རུས་ཆེན་པོ་གསར་སྙིང་དབུས།། ལྕེ་ལྕང་དང་ནི་ཀང་ཀ་དང་།། ལི་དུའི་ཚོགས་ཀྱིས་བསྐོར་བའི་གནས།། མཉེན་པོས་མི་གཤེགས་གཞལ་ཡས་ན།། བཅོམ་ལྡན་ཟ་བྱེད་ཧེ་དུ་ཀ། ཞལ་གསུཾ
25a3 ཕྱག་དྲུག་སྐུ་མདོག་མཐིང་།། ཞབས་བཞི་བསྐྲད་པས་བདུད་ཀྱི་འཇོམ།། རྟག་པར་གཞོན་ནུའི་ཚུལ་དུ་བཞུགས།། བརྗིད་པའི་ཁྲོ་གཉེར་གྱེན་དུ་བཟློག། འགྱུར་མེད་སྤྱན་དགུ་རབ་ཏུ་བགྲང་།། ཟ་བྱེད་མཆེ་བ་བརྩིགས
25a4 པ་ཡིས།། འཁོར་བའི་སྐྱེ་ཤི་བཙད་ནས་བཅོད།། དབུ་སྐྲ་ཐོར་ཚུགས་གཅིག་ཏུ་འཁྱིལ།། ཧ་ཧ་རུ་ལུའི་སྒྲ་བསྒྲགས་པས།། ཁམས་གསུམ་མ་ལུས་དབང་དུ་བསྡུད།། ཕྱག་དྲུག་མཚོན་ཆ་ཅིར་ཡང་སྟོན།། མི
25a5 འགྱུར་རྡོ་རྗེ་ཐུགས་ཁར་འཛིན།། ལོག་པར་ལྟ་བ་ཤུགས་ཀྱིས་སྒྲོལ།། རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་།། མཁྱེན་པའི་མཁྱེན་པ་ཁྱེད་བདག་འདུད།། རྡོ་རྗེ་འཆང
25a6 ཆེན་སྟོབས་ཀྱི་བདག། ཀླང་ཆེན་ཁྱུ་མཆོག་ཁྱོད་བདག་འདུད།། མྀ་འགྱུར་རྡོ་རྗེར་བརྟེན་པའི་སྐུ།། ངེས་པའི་ཡིས་ལས་སྒྲོལ་བ།། ཐུགས་རྗེ་ཅན་ལ་བདག་འདུད་དོ།། ཕ་རོལ་དམག་ཚོགས་བཟློག་བྱེད་པ།།
25a7 དྲེག་པ་ཅན་རྣམས་མཚར་གཅོད་པ།། ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས།། རྩེ་ཅིག་ཡིད་ཀྱིས་བདག་ཁྱོད་འདུད།། རྫུ་འཕྲུལ་ཆེན་པོ་ཁྱོད་ལ་འདུད།། སྟོབས་ཀྱི་བདག་པོ་སྟོབས་ཀྱི་བདག། བསྟན་པ
iiif viewer powered by OpenSeadragon
24b - 25b