| | e-texts navigator
|
24b1 ཆེན་པོས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེ་ནས། རིགས་ཀྱི་བུ་བསྐལ་པ་ཟློཀཱ་མ་མེད་པའི་སྔོན་རོལ་ནས། ངས་མ་བྱས་པ་ནི་འབྱུང་མཱི་སྲིད་དེ། ང་ལས་མ་བྱུང་བའི་ཚམ་ནི་འབྱུང་བ་མི་སྲིད།། ཡུལ་ཆོས།
24b2 ཉིད་ལས་པ་མཐའ་མེད་དོ།། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཐད་ནི་ང་ལྔས་བྱུང་བའི་ཕྱིར།། དཔེར་ན་འོད་དང་འོད་འཁྱིལ་གྱི་ཆུའོ།། སྣང་སྲིད་ཐུང་ཡིས་ཀྱི་སྙིང་པོར་ལ་བཟླ་བ་ནི།། རིག་པ་རང་བྱུང་ཡིས་རང་སྦྱང
24b3 པའོ།། རིགས་ཀྱི་བུ་མཚན་མ་མེད་པའི་ཆོས་ཉིད་ལ་བདག་ཏུ་ལྟ་བའི་བློས་མི་སྤོད་བརྗོད་པ་ལས་འདས་པའི་ཆོས་ཉིད་ལ་ཚིག་དང་ཡི་གེར་འདོགས་པ་ནི་མ་ཡིན་ནོ།། ཁམ་གསུམ་གྱི་སནཱ་གང་ཡང་རུང་སྟེ། བཅྡོཾས
24b4 སེམས་དཔའི་དེ་བཞིན་ཉིད་དང་གོ་མི་མཉེ་པར།། ཡང་དག་པའི་མཐའ་ལ་མི་གནས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་ལ་གནས་པར་འདོད་ན། ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་པར་བྱའོ།། ཆེས
24b5 ཐཾད་ཀྱི་དེ་བཞིན་ཉིད་ནི་རང་གི་དེ་བཞིན་ཉིད་མ་བཅོས་པའོ།། བྱང་ཆུབ་སེཾདའ་སེཾདེའ་ཆེན་པོའི་ལུང་གི་ཆེ་བ་ལ་བརྟེན་ནས། ང་ཆེ་བ་འབྱིན་པ་ནི། ནོར་བུ་རྒྱུ་ལ་ས་འཛིན་པ་ལྟ་བུའོ།། རིག་ཀྱི་བུ་ཡང་དག་པའི་ཆོས་ཉིད་ལ་རྩོད
24b6 དུ་མེད་དོ།། ལོག་ལྟ་ནྡན་ངའི་དེ་བཞིན་ཉིད་ལ་རྩོད་པ་ནི། སེང་གེ་དང་ཝའི་ཚུལ་ཏེ་དེ་ནི་མཱ་ཡིན་ནོ།། རིག་ཀྱི་བུ་གང་ཞིག་ང་ལ་རྩོད་དུ་ཡོད་པ་ནི་ཆེབ་ཏུ་སྨྲ་བ་མ་ཡིན་ཏེ། ཚུལ་རྟག་པ་རབ་ཏུ་གསུངས་པའོ།། དོན་དེ
24b7 བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམ་དཔའ་ནི་རབ་ཏུ་དཀའ་བོ།། ཞེས་ཆོས་ཉིད་ཞི་བ་ལས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེངའི་སོ་འ་ཆེན་པོས། ཐུགས་ཆོས་ཉིད་མཉེ་པ་ལས་མ་གཡོས་ཀྱང་། སྐུ་འ
iiif viewer powered by OpenSeadragon
24a - 25a