| | e-texts navigator
|
23b1 ཉིད་ཀྱི་གསུངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་འཛིན་དཀའ་རབ་རྡོ་ཡིས་མུ་སྟེགས་ལ་སོགས་ལོག་ལྟ་ཅན་ཚར་བཅད་པའི་ཕྱིར། མན་ངག་གི་དོན་སུམ་བཅུ་པ་འདི། རྡོ་རྗེ།
23b2 སེངའས་སེང་གེ་རྣམ་པར་འགྱིང་བའི་མདོ་འདི་བཀའ་སྩལ་ཏོ།། དེ་ནས་དགའ་རབ་རྡོ་རྗེས་ཚིག་སུ་བཅད་དེ་བསྟོད་པ། རྒྱལ་བའི་རྒྱལ་བ་ཡིས་དཔག་མེད་སྐུ།། སེང་གེ་རྣམ་པར་འགྱིངས་པས་འགྲེ་དྲུག་དཔྱིང
23b3 སུ་བཅད་།། བརྗིད་པའི་ཁྲོ་གཉེར་བཟློག་པས་བདུད་དཔུང་ཟིལ་གྱིས་མནན།། ཁྱུང་ཆེན་མཁའ་ལ་ལྡིངས་པས་སྤྱི་རྒྱ་བརླབས་ཀྱི་བཅོད།། མཁའ་གསལ་ཉི་མ་ཤར་བས་མུན་བ་སྣང་བར་འགྱུར།། ཆེས་ཉིད་རྒྱ་མ
23b4 ཆད་པས་ཟད་ཅིང་སྟོང་པ་མེད།། རིག་པ་དབྱིངས་ན་གསལ་བས་རིག་པ་དབྲི་བསྐོལ་མེད།། ཡིས་སྤྱན་དང་ལྡན་པས་སྤྱིར་ཡང་ས་ལེ་མཁྱེན།། ལུས་ངག་ཡིད་གསུཾ་དང་བས་དད་པའི་མཆོག། སྐུ་གསུ
23b5 ཐུགས་ཀྱི་ངང་དུ་མཆོད་པ་བཞེས།། ཅེས་བསྟོད་པའོ།། དུར་ཁྲོད་ཀྱི་བདག་པོ་ཁྲོ་བོ་རྣམ་པར་མ་འཁྲུག་པ་ཞེས་བྱ་བས། སེང་གེ་རྣམ་པར་འགྱིངས་པའི་མདོ་གསུངས་པའོ།། པདྨ་འཁྱིལ་པའི་རྒྱུད་ལས།།
23b6 སེང་གེ་རྣམ་པར་འགྱིངས་པའི་མདོའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའི་མཚན་ཡང་དག་པར་རྫོགས་པའི་མདོ་འདི་གསུང་སོ།། འཇམ་དཔལ་ཞོན་ནུར་གྱུར་པ
23b7 ཁྱོད་ཕྱག་འཚལ།། འདས་པའི་དུས་ན་སྔོན་བྱུང་བ།། སངྱས་རིན་ཆེན་ཟ་མ་ཏོག། ཆོས་དབྱིངས་རྣམ་དག་སྤྲོས་མེད་དང་། མི་གནས་ཡིས་རང་བྱུང་བ།། ཐིག་ལེ་ཉག་ཅིག་ཆེས་ཀྱི་སྐུ། བས་མཾ་འདས
iiif viewer powered by OpenSeadragon
23a - 24a