e-texts navigator
Collection
Volume
Page
Wylie

23a1 གཉིས་ལ་རྒྱུ་གཅིག་ལས་མེད་པ་ལ་འབྲས་བུ་ཐ་དད་པའི་དུས་ཅི་ཙམ་ནས་རྐྱེན་གང་གིས་བྱས་རས་འཁྲུལ། རྐྱེན་མེད་པར་ནི་འཁྲུལ་མི་སྲིད་ན་རྐྱེན་དུ་དང་ལྡན། རྒྱུ་ངོ་བོ་གཅིག་ལས་མེད།
23a2 པར་སེམས་ཅན་བས་ཀྱི་མི་ཁྱབ་པ་ནི་ལས་ཅི་ལྟ་བུ་ལགས། ཕྱི་སྣོད་ནང་བཅུད་དུ་སྲིད་པ་ཆག་པ་འདི་དུས་ཅི་ཙམ་ན་རྒྱུ་གང་གིས་བྱས། སྣོད་ཀྱི་འཇིག་རྟེན་འདི་ཆོས་ཉིད་ལས་ཐ་དད་དམ་མི་དང་། ཐ་དད་ན་གཞི་ལས
23a3 མ་གྲུབ་པར་འོང་བར་མི་རིག་ན་གཏན་ཚིག་ཅི་ཕྱིར། ཐ་དད་ན་ཇི་ལྟར་ལ་ཌཱ། འཇིག་རྟེན་པའི་དུས་སུ་སངྱས་འབྱུང་བ་གང་ལྔ། སེཾན་སྐྱེ་བ་གང་ལྔ། སདྱས་སེན་རྒྱབ་གྱེས་པའི་དུས་ཅི་ཙམ་ན་ལགས།། སྐྱེ
23a4 བ་རྣམ་པ་བཞི་ལ་སེན་མིར་སྐྱེ་བའི་རྒྱུ་ཅིས་བྱས་སངྱས་འབྱུང་བའི་རྒྱུ་ཅིས་བྱས། ཤེས་པ་མ་བཟུང་བའི་ནང་བཅུད་སྣ་ཆོག་པ་འདི་སྐྱེ་བའི་རྒྱུ་བྱིས། དུས་གསུཾ་གྱིསངྱས་ཀྱི་དགོངས་པས་བརྒྱུད་པ་ཇི་ལྟར་ལགས
23a5 དུས་གསུཾ་ཡོད་ནས་བརྒྱུད་མ་མེད་ནས་ཀྱང་བརྒྱུད། དུས་གསུམ་གྱི་གོ་བ་ཇི་ཙམ་ལ་བྱ། དུས་གསུཾ་མེད་ན་མིང་ནས་ཅི་བྱེད། བྱིན་གྱིས་བརླབས་ཀྱིས་བཤད་པའི་དུས་ཅི་ཙམ་ལགས། རྡོ་སེངའ་རང་དབང་ཐོབ་པའི་དུས་ཅི
23a6 ཙམ་ལག། ཆོས་ཉིད་མ་དང་ཕྲེང་བའི་དུས་ཇི་ཙམ་ལགས། ཡིས་རངས་ཟིན་པའི་དུས་ཇི་ཙམ་ལགས་རྡོ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་དུས་སུ་རྟག་དུ་དང་ལྡན། རྡོ་རྗེ་སེམས་དཔའི་གཞིའི་གནས་ལུག
23a7 མན་ངག་གི་སྐབས་དུས་གཏན་ལ་དབབ། མན་ངག་དོན་གྱི་མདོ་དུར་བསྡུ། རྣལ་འབྱོར་པས་ལ་མ་ཁྱེར་བའི་དུསུ་མན་ངག་གི་ཕུཊ་ཀར་བརྡིབ་འཁོར་འདས་ཀྱི་ཆོས་ཐ~ཾད་ཀྱི་ས་གར་བཟླ། ཞེས་སྟོན་པ




iiif viewer powered by OpenSeadragon

22b - 23b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa