e-texts navigator
Collection
Volume
Page
Wylie

22b1 ཐུགས་རྗེ་ཆེན་པོ་བདག་གི་བརྟན་པ་ལ། མུ་རྟེག་ལོག་ལྟ་ཅན་རྩོད་པར་གྱུར་ན།། ཐ~ཾད་དམ་པ་བསྟན་དུ་གསོལ་ཞེས་རིག་པ་འཛིན་པའི་རྡོ་རྗེ་ཉིད་ཀྱི་ཞུས་པ་ལས། བཅྡོཾས་རྡོ་འཆང་ཆེན་པོས་གསུང་ལ། བདག་གི
22b2 བསྟན་པའི་འོག་ཏུ་མུ་སྟེག་ལོག་ལྟ་ལ་སོག་ཏེ། སྣ་ཚིག་དམན་པ་རྣམ་རྩོད་པར་གྱུར་ན། ཡང་དག་པའི་ཆོས་ཉིད་ལ་རྩོད་གཞི་མེད་པས། ལྡེམ་དགོངས་གཉིས་ཤར་དབྱེ།། ལྡེམ་པོ་ལ་རྩོད་ན་རྩོད་གཞི་མེད་དེ། དཔེར་ན
22b3 ནབ་ཀྱི་ཝ་དང་གངས་ཀྱི་སྡེ་གེ་ལྟ་བུའོ།། དགོངས་པ་ལ་རྩོད་ན་ཇི་སྲིད་རྩད་དུ་ཡོད་པ་དེ་སྲིད་དུ་རྩོད་པ་མེད་པ་ཐག་མ་ཆོད་པས། ལན་མི་རིག་ཏེ། ཕ་རོལ་ཀྱི་དགོང་གཞི་ལ་མ་ལྟོས་པའི་ཕྱིར། དཔེར་ན་རྒྱ
22b4 བུ་དང་སྤྲེའུ་ལྟ་བུའོ།། སྤོང་གཞིང་མུ་སྟེག་ཁ་ཡན་ན། རྡོ་སེངའ་མཉམ་པའི་དཀྱིལ་མོ་དཀྲུང་དུ་གནས་པའི་ཚིག་འདིས། སུན་དབྱུང་བ་ནི་འདི་ལྟར་ཤེས་པར་བྱའོ།། ཡང་དག་པར་རྫོགས་པའི་སངས
22b5 ལ། རྣམ་པར་ཐར་པའི་ལམ་དུ་མངའ།། མན་ངག་ཐ~ཾད་ཀྱི་དོན་གྱི་ཕུག་གར་བཏུགས།། སངྱས་ཀྱི་དགོངས་པ་ལ་དཔག་ཏུ་ཡོད་དེ་མེད།། མེད་ན་དྲི་བ་ཅིའི་ཕྱིར།། ཡོད་ན་ཡང་དག་པར་རྫོགས་པའི་སངས
22b6 ཀྱི་དགོངས་པ་ལ་མཐར་ཐུག་པའི་ཚད་ཅིས་བཟུང་།། བཟུང་དུ་མེད་ན་དྲིས་པ་ལ་དགོས་པ་ཅི་ཡོད།། ཡོད་ན་དཔག་ཏུ་མེད་པའི་དོན་དང་མི་འགལ་མ།། རྣལ་འབྱོར་པ་ཙམ་པ་དང་བྲལ་བའི་སྐབས་དུས་ཅི
22b7 ཙམ་ན་ལག། ཡང་དག་པར་རྫོགས་པའི་སངྱས་ལ་ཐ~ཾད་མཁྱེན་པའི་ཡེ་ཤེས་ཤར་བའི་དུས་ཅི་ཙམ་ན་ལགས། སངྱས་ལ་ཐུགས་རྗེས་འབྱུང་དུས་ཅི་ཙམ་ན་ལགས། འཁོར་བ་དང་མྱ་ངན་ལས་འདས་པ་རྣམས




iiif viewer powered by OpenSeadragon

22a - 23a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa