| | e-texts navigator
|
22a1 བྱ་སྟེ། བདེ་གསལ་མི་འགག་མ་འགགས་ཉིད་ཡིས་རང་སྣང་བས་ཐུགས་རྗེ་ལ་འགག་པ་མེད་དེ། རང་བྱུང་རང་ཤར་རང་གསལ་དེ་ལ་བཙལ་བ་དང་བྲལ་བའི་སྐབས་ཞེས་བྱ། ཀུན
22a2 རིག་རྣམ་པར་སྣང་མཛད་ཁྱོད་ཕྱག་འཚལ། སྒྲུབ་མེད་རྩལ་སྨུག་སྨོན་པ་མེད།། བྱ་མེད་ལྷུན་རྫོགས་དེ་ཉིད་དོ།། རིག་པ་རང་བྱུང་ཡེ་ཤེས་རང་སྣང་བས། ཆུ་བོའི་གཞུང་དང་འདྲ་སྟེ་ཟད་ཅིང་བྲི་བ་མེད།། མུ་སྟེ
22a3 ཨ་པ་རེའི་སྤྱོད་པ་ཅན། ས་སའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡན་ཆད། ཡིས་རང་སྣང་པས་ཁྱད་པར་མེད་པས་རང་བྱུང་ངོ་།། རང་སྣང་ངོ་།། རང་གིས་ཤེསོ།། ཡང་དག་པའི་དགོངས་པ་ནི།། ས་དྱས
22a4 འོད་བསྲུང་ཀྱིས་ཀྱང་དང་པོ་བསྒྲུབས་པ་མེད།། ད་ལྟ་མི་སྒྲུབ་ཐ་མ་གཞན་དུ་མི་འགྱུརརོ།། རྒྱུ་རྟོག་གེ་བ་རྣམས་ནི་རྒྱུ་ལ་རྩོལ་བ་བྱས་པས། ལམ་ལ་མཐར་ཐུག་པ་མེད་དོ།། འབྲས་བུའི་ལམ་པ་ནི། རེ་བ་ལ
22a5 མི་འཇོག། སྨོན་པ་ལ་མི་སྡོད་དོ།། སྒྲུབ་མེད་རྩལ་དཀྲུགས་སྨོན་པ་མེད།། དཔལ་རྡོ་རྗེ་སེམས་དཔའ་འདུད་ཕྱག་འཚལ། སྐུ་གསུང་རྒྱལ་པོའི་དགོངས་པ་མཐར་ཕྱིན་པས།། མ་རིག་སྒྲ་སྔའི་སྦུབས
22a6 འབྱེད་གསལ་བར་བསྟན། ཞེས་བཅོ་ལྡན་འདས་དཔལ་རྡོ་འཆང་ཆེན་པོས། སྐུ་གསུམ་གྱི་བཤད་ལུག་ལུང་སྦག་མས་གཏན་ལ་ཕབ་ཏེ་ཡིད་ཆེས་པར་ངོ་སྤང་ནས་བསྟན་པ་ཞེས་བྱའོ།། པདྨ་འཁྱིལ་པའི་རྒྱུད
22a7 ལས་རྟོག་པའི་མཛའ་སེལ་བའི་ལེའུ་སྟེ་བསྐྱོད་པའོ།། ། དེ་ནས་དཔའ་བོ་ཆེན་པོ་བཅྡོཾས་ལ་སེངའི་གྱིང་བའི་མདོ་འདི་གསོལ་བ་བཏབ་བོ།། ཐ~ཾད་མཁྱེན་པ་ཁྱོད་ལ་ཕྱག་འཚལ
iiif viewer powered by OpenSeadragon
21b - 22b