| | e-texts navigator
|
21b1 དཱ། ཤྩ་གྷྣ་རཱ་ཛཱ་ཧྲཱི་པ་ཆུད་པ་ས་། ལ་ས་སུ་བ་སདུས་ཆུ་6། ཛཱདྷའི་མམ་མས། མམཆིས་པ་སྣང་བར་རྣས
21b2 སྡེ་བཞི་མ་མམ་པའི་རྣམ་བཝཾ།། གསང་བསྦས་པའི་མན་ངས་དམ་པའོ།། པདྨ་ག་བྱིལ་པའི་རྒྱུད་ལས། མ་ལ་སྡང་བའི་ལའུ་སྟེ་བཅུ་འདུན་པའོ།། དེ་ནས་རྡོ
21b3 འཆང་གིས་རྟག་པའི་མཐའ་སེལ་འདི་གསུང་སོ།། རིག་པའི་ཡིས་ལས་ཀྱི་དབང་དུ་བྱུང་ན། རང་བྱུང་གི་ཡིས་མེད་པར་བསྟན་པ་རིག་པའི་རྡོ་རྗེ་ཡང་འཇིག་བྲལ་མེད་པས་རྒྱུ་རྐྱེན་མེད་དེ། མ་བྱས་མི་བྱེད་བྱར་མེད། རིན་པོ་ཆེ
21b4 འཕེལ་འགྲིབ་མེད་པས་འབྱུང་སྡང་ཟག་པ་མེད་ཤེས་པ་རྒྱུན་འགགས་མེད་པས་བདག་ཏུ་རྟོག་པའི་བློ་བྱུང་། ཐིམ་དེ་ཉིད་རང་། ན་མཁའ་ཆེ་ལུངས་ངེས་པའི་དེའི་དོན་ངེས་པ། ཙིས་ཀྱི་དབང་གྱུར་ན། རང་བྱུང་ཡིས་ཡོང་མ
21b5 ཡིན་ཀུན་ཏུ་བཟང་པོ་ཁྱོད་ཕྱག་འཚལ། བཅོལ་བ་དང་བྲལ་བའི་ཆོས་ཀྱི་སྐུ་ལ། ལས་རྒྱ་མཚོ་མཉམ་པར་བཞག་ཏུ་མེད་དེ། ཉི་མའི་སྙིང་པོ་ལ་མུན་པ་གཞི་ནས་མེད་པས། དེ་ལྟ་ཡང་མི་སྣང་ཕྱིས་ཀྱང་མི་འབྱུང་ངོ་།།
21b6 ཉི་མ་རང་དག་པས་ཟེར་ལ་ཟད་པ་མེད་ཟེར་མ་ཟད་པས་འོད་ལ་འགག་པ་མེད་དོ།། མན་ཤེལ་ལ་དྲི་མའི་སྐྱོན་མེད་པས། སྣོད་ཀྱི་རྐྱེན་གང་དང་གང་གི་ངོ་བོ་དེ་ལྟར་སྣང་། སྣང་བའི་དུས་དེ་ཉིད་ན་རང་གི་ངོ་བོ་ལ་སྐྱོས
21b7 ཞེན་མེད་པས། སྣང་བའི་དུས་ན་སྐུ་དང་ཡིས་སུ་སྣང་བར་ཟད་དོ།། རང་དག་གསལ་སྣང་སྣང་བ་དུ་མ་ལ་འགག་པས་དུ་མ་རང་འདྲེར་མི་བཏུབ་པོ།། ཤེས་བྱ་རང་གི་ངོ་བོ་དེ་ཀ་དག་པའི་ཡེ་ཤེས་རང་སྣང་བའོ།
iiif viewer powered by OpenSeadragon
21a - 22a