| | e-texts navigator
|
21a1 དུས་ན་སྣ་ཚོགས་གས་ལ་སྣང་ཡང་། རང་གླིང་བ་མི་འགྱུར་གདོང་ནམ་པ། ཨེ་མ་བྷི་དང་དབྱེང་མ་ཡས་ཟང་མར་སྣང་། རྩཝ་རཱལ་སྣང་བའི་དུས་ནནང་གི་རང་བཞིན་མ་བཅས་དེ་བཞིན་ཅིང
21a2 ཅེས་གསུངསོ།། ཆོས་ཐཾད་ཀྱིས་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པའི་རང་བཞིན་ཅན་ནོ།། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡིས་ཀྱི་ལུས་ཅནོ།། མེ་ལོང་ལྟ་བུ་ལ་སོགས་པའོ།། ཡིས
21a3 ལྔ་ནི་ཐུགས་རྗེའི་རང་བཞིན་ཅན་ནོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའི་འོད་ལ་བཞུག་ཤིང་ཉིད་ལས་མི་ཞན་པའོ།། སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་གསུངས་ཀྱི
21a4 ཟེར་ལ་རོལ་པའོ།། འབྲམ་མངོན་དུ་བྱེད་པའི་ཕྱིར་དེ་དང་དེ་ལས་བྱུང་བའོ།། དཔེར་ན་ཉི་མའི་སྙིང་པོ་དང་འོད་གསུམ་གྱིས་གོ་བར་བསྟན་པ་ནི། ཕྱོགས་གཅིག་མཚོན་པའི་དཔེའོ།། དོན་ཁྱད་པར་ཅན་མཚོན་པའི
21a5 དཔེའ་ནི། མན་ཤེལ་གྱི་སྐུ་ལ་རང་རང་གི་ངོ་བོ་གཞི་ནས་དག་པ་ནི། ཆོས་ཀྱི་སྐུ་ཡིན། སྣ་ཚོགས་འཆར་བ་ནི་སྤྲུལ་པའི་སྐུ་ཡིན། འཆར་བྱ་འཆར་བྱེད་མེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ།།
21a6 རྟོགས་རུང་མ་རྟོགས་རུང་རང་གི་ངོ་བོ་སྒྲིབ་པ་མེད་པ་ནི། མན་ཤེལ་དང་སྣང་བའི་ཚུལོ།། སྣ་ཚོགས་སྣང་བ་དག་པའི་ཡིས། སྟོན་པ་རྡོ་སེམས་དཔས་གསུངས་ནས། སྡུད་པ་པོས་བསྡུས་ཏེ། མུ་སྟེཀྵ
21a7 ཨ་ར་པ་ཙེས་བསྟན་པ་འཇིག་པའི་ཚེ་ཤིང་ཙན་ངང་སྦྲུལ་གྱི་སྙིང་པོ་ལྟ་བུ་འདིས། བྷ་ས་ཏྲ་དམ་པ་རི་ནདྷ། བྷི་ཏྲ་ས་ཡེ་པྲ་ས་ར་དུ་པ་ཡ་དུ་སྤྱོད་པའི་དུས། ཨ་རུ་ར་རྣམ་པར་རྒྱལ་བ་འདིས་དུག་པཉྩ་ནི
iiif viewer powered by OpenSeadragon
20b - 21b