| | e-texts navigator
|
20b1 པྱཱ། ལོག་རྟོག་སྤྱོད་པའི་སྤུ་གྲིས་ལྗོན་ཤིང་གི་རྩ་བ་གཙད་ཏེ། བརྡའུ་རྣམྦྷ་པཱ་གཉིས་བསྟན་པའི་དུསུ། བརྡུའ་ཁྱབ་ཆེན་པོའི་བརྡས་ཉི་མ་ལས་འོད་སྣང་བར་བསྟན་ཏེ། ཐིག་ལེ་མ་སྐྱེས་པའི་ངང་དུ། ཡིས
20b2 ཀྱི་རིམ་པ་ཐིམ་པའི་ཚུལ་དུ་གནས་པ་ནི། དཔེར་ན་ཉི་མ་ནུབ་པའི་དུས་སུ། འོད་ཐ~ཾད་ཉི་མའི་སྙིང་པོ་ལ་འདུས་པར་བསྟན་པའོ།། དེ་བཞིན་དུ་བརྡལ་ཁྱབ་འུབ་ཆུབ་ཏུ་བསྟན་པས། སྐྱེ་འགག་མེད་པའི་ཡིས་ཟད་མ་ཞེས་བྱའོ།།
20b3 བརྡའ་ངོ་བསྟན་པའི་དུས་སུ། ཐོག་མའི་གནས་ལུགས་རངས་དཔེར་བསྟན།། འཁྲུལ་གཞི་ཁོ་ན་འདྲ་བ་མྱེད་པར་བསྟན་ཏེ། འཁྲུལ་པ་དས་སུ་བརྡའ་བ་དང་གཅིག་པས། གཞིའི་གནས་ལུག་དང་གཅིག་པས། དེ་བཞིན་དུ
20b4 ཤེས་པར་བྱའོ།། ད་ལྷའི་དུས་སུ་མ་རིག་པའི་གདར་ཤ་གཅང་། དེ་རྟོག་པའི་ཡིས་རང་ལ་སྣང་བར་ཤེས་པའི་དུས་སུ། མ་རིག་པ་གདང་ཤ་བཅད་པར་ཞེས་བྱའོ།། ཐུན་མོངས་གི་སྣང་བ་རང་སྣང་བ་ནི། བློའི་ཡུལ་དུ་བྱེད
20b5 པའོ།། དོན་གྱི་ཡིས་ཤར་བའི་མམངག་ཚིག་གསུམ་དང་འདྲ་འབབ། བསྟན་པས་ཤེས་པར་བྱ། པདྨ་འཁྱིལ་པའི་རྒྱུད་ལས། ལོག་རྟོག་སྤྱོད་པའི་སྒྲ་ཀྲིའི་ལེའུ་སྟེ་བཅུ་དྲུག་པའོ།།
20b6 དེ་ནས་བཅོམ་ལྡན་འདས་ཀྱིས་ས་ལེ་ལྡང་བ་འདི་གསུངས།། བྷ་ས་ར་བྷི་ཊི། ཨ་ཀ་ར་མུཀྵ། རརྫ་སན་ཙན་ཨ་ཀ་ར། ཤཱ་ཨ་ཡུ་ཛྙཱ་ན་ཨོཾད་ས་ཡ་བྷིཥྛ། སྣ་ཚོགས་སྣང་བ་དག་པའི་ཡིས་འདི། འབྲས་ས་ལེ་ལྗང་པའི་མན
20b7 ངག་ཡིན། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འདུད། རྡོ་རྗེ་སེམས་དཔའ་རང་བཞིན་གདོད་ནས་དག་པའི་ཆོས་མན་ཤེལ་མི་ལོང་ལྟ་བུ་དག་པ་ལ། སྣང་བའི་གཟུགས་བརྙན་སྣ་ཚོགས་འཆར་པ་བཞིན། ཤར་བཛྲ
iiif viewer powered by OpenSeadragon
20a - 21a