e-texts navigator
Collection
Volume
Page
Wylie

20a1 གཤེགས་སོ།། སརྦ་ཏ་ཐཱ་ག་ཏ་པཉྩ་མུ་ཏཱ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ། དེ་བཞིན་དུ་གངས་སོ།། སརྦ་ཏ་ཐཱ་ག་ཏ་པཉྩཱ་མུ་ཏྲ་ཨ། དེ་ནས་བྱང་ཆུབ་སེས་དཔའ་རིག
20a2 པ་འཛིན་པས། དེ་བཞིན་དུ་གངམ་སོ།། པདྨ་འཁྱིལ་པའི་རྒྱུད་ལས། རིན་པོ་ཆེའི་སྒྲོམ་བུའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་ཡང་། བཅོམ་ལྡན་འདས་སྟོན་པ་རྡོ་རྗེ་འཆང་ཆེན
20a3 པོས། ལུང་གསེར་གྱི་ཕུར་པ་འདི་གསུངསོ།། མ་འཁྲུལ་པའི་སངས་རྒྱམ། མ་བྱས་པའི་ཆོས། མི་འགྱུར་བའི་ལྟ་བ། དང་པོར་སངས་རྒྱས་ཉག་ཅིག་འཁྲུལ། དེ་སྣང་བ་ལས་འཁྲུལ། དང་པོར་ཡང་འཁྲུལ
20a4 མ་མྱོང་། བར་དུ་ཡང་མི་སྲིད་པ། ཐ་མར་ཡང་འཁྲུལ་བར་མི་འགྱུརརོ།། དེ་ལ་སྒོམ་དུ་ཡང་མེད། ཡེང་སུ་ཡང་མེད། ཡངས་ས་ཡང་མེད་འགག་པ་མེད། འགོག་མ་མྱོང་། ཟང་ཐལ་ཞོག་ཐོང་།
20a5 དྷ་ན་པ་རི་ནནུ། བཞི་དོན་ཀྱི་ཀུན་གཞི་ཟག་པ་མེད་པའི་ཡིས་ལ་འཁྲུལ་པའི་སངས་རྒྱས། མ་བྱས་པའི་ཆོ་སྔ་སྟོན་པ། ཨ་ར་ཛི་ཏི། ཨ་ཧྱ་ར། ནཱ་མ་ནཱན་ཏི་བུདྡྷ་ཀ་ཡ། དྷི་ཧི། བྷི་ཧཾ་བྷི། ས་ར་སི་ཏི་ཀཾ།
20a6 བདག་དུ་སྟོན་པའི་དཔལ་འཇམ་དཔལ་གཞོན་ནུ། འོད་བསྲུངས་ཆེན་པོ་ཁྱོད་ལ་འདུད་།། ཀྵ་ཀུ་རུ་ནན་ཏི་ཀ་ར། ལེགསོ་ལེགསོ་དེ་བཞིན་དུ་བྱོས་ཤིག། ཅེས་ལུང་བསྟན་ཏོ།། ཀུན་ཏུ་བཟང་པོ
20a7 ལ་བདུད་ཞུགས་པ་སླར་ལྡོག་པའོ།། པདྨ་ཁྱིལ་པའི་རྒྱུད་ལས། ཡུངས་གསེར་གྱི་ཕུར་པའི་ལེའུ་སྟི་བཅཝ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས




iiif viewer powered by OpenSeadragon

19b - 20b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa