| | e-texts navigator
|
19b1 ཕྱོགས་དང་རིམ་མེད་པ་དུ་མ་དང་རྟེན་པ་མེད་པ་སེལ་བ། ཚིག་ཏུ་བརྗོད་པར་མི་ནུས་སོ།། རང་རིག་པའི་ཡིས་འགྱུར་བ་མེད་པ་ཉིད་འགག་པ་རྙེད་པ་ཡིས་ཀྱི་གཟུགས་བརྙན།། བདབ་ཏུ་རྟོག་པའི་མཐའ་དང་བྲལ
19b2 བ། མཐའ་མ་ཡངས་པར་ཡིས་རང་གསལ་བ།། ཕྱོགས་དང་བླ་འོག་མེད་པར་རང་ཤར་བ།། མཁྱེན་པ་ངོ་བོས་སྤྱོད་པ།། གསལ་བ་རྟོག་འཛིན་མེད་པ།། བདེ་བ་རྙེས་འཇོག་མེད་པ།། ཐིམ་པ་མ་ཆུག་པ།
19b3 བཛྲལ་ཁྱབ་པ་འུབ་ཆུབ་པའོ།། མ་བྱས་པའི་ཆོས་ཤེས་བྱ།། བབས་ཀྱིས་གྲུབ་པར་རང་སྣང་བ་ནི།། སངས་རྒྱས་ཐ~ཾད་ཀྱི་ཐུགས་མཁྱེན་ལགས།། ཅེས་བསྟན་ཏོ།། ཚིག་ཉུང་ལ་དོན་ཆེ་བ། བསླབ་བླ་ལ་ཀོ་བཀའ་བ
19b4 འདི་ནི་རྩོལ་སྒྲུབ་ཀྱི་མཐའ་ལས་འདས་པའོ།། སྒོམ་དུ་མེད་པའི་ཆོས་མ་ཤེས་པར།། རྣམ་པར་གྲོལ་བའི་ས་ནོན་ཏེ།། མཁྲ་འགྲོ་མ་པུད་ན་ཉེ་བར་ཞི་བས།། དཔལ་ཕྱག་ན་རྡོ་མགོ་ཁོས་ཅེས་བཀའ་སྩལ་ཏོ།།
19b5 དེ་ནས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་དགའ་མགུ་ཡི་རངས་ཏེ། ཕྱག་སྤྱི་བོར་བཞག་ནས་རིགས་ཀྱི་བུ་དམ་པ་ཁྱོད་ཀྱིས་སྨྲས་པ་དེ་ལེག་སོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས
19b6 ཀྱིས་ཀྱང་།། རིང་རང་གི་མོས་པ་ཙམ་མཚོན་ནུས་ཀྱིས། དོན་ཆེན་པོ་མཚོན་པར་མི་ནུས་སོ།། ངས་བསྐྲུན་པར་ནི་བཀའོ།། མ་ནུ་པ་ལ། སརྦ་ཏ་ཐཱ་ག་ཏ་པནྡྷ་ཛྙཱ་ན། དྷི་ཐི་མེ་དྷ་ཐིམ་དྷཱ་ཐིམ་ཅེས་བཀའ་སྩལ་ནས།
19b7 ལེག་སོ་ལེགས།། སེམས་ཅན་ཐམས་ཅད་མ་རིག་པ་མེད་དོ།། མ་རིག་པ་ཟད་པ་ཡང་མེད་དོ།། ཅེས་དབང་བསྐུར་ནས། མཁའ་གྲོ་མ་དང་གཉིས་སུ་མེད་པར། མི་སྣང་བའི་ཡེ་ཤེས་ཀྱི་ངང
iiif viewer powered by OpenSeadragon
19a - 20a