e-texts navigator
Collection
Volume
Page
Wylie

19a1 ཏེ་བཏ་།། དུག་ལྔའི་མེས་ཐར་བར་འདོད་པའི་བྱང་ཆུབ་སེས་དཔའ་ལ། བྱང་ཡང་མ་ཆུབ་པས།། སེམས་དཔའ་ཡང་སེམས་ཀྱིང་བཅིང་བས་རྗེ་སདའ་བྱང་ཡང་མ་ཆུབ་ཀྱང་ཆུབ། དོན་གཞན་ལ
19a2 སེམཱ་དཔའི་སེམས་དཔའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རི་རབ་ལྷུན་པོའི་རྩེར་ཡིས་ཀྱི་མེས་འཁོར་བའི་བག་ཆགས་བསྲེགས་ཏེ། གཏན་འཕུངས་པར་བྱས་སོ།། བྱང་ཆུབ་སེམས་ནོར་བུ་རིན་པོ་ཆེ་ཙཎྜ
19a3 ལོག་སྤྱོད་ཀྱི་དབུ་རྒྱན་ཡུལ་ག་བུ་པར་ཤ་ན་ར། དབུ་རྒྱན་གྱི་རྒྱལ་པོ་ལ་བསྟན་པའོ།། པདྨ་འཁྱིལ་པའི་རྒྱུད་ལས། ནོར་བུ་རིན་པོ་ཆེ་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཧ་ཤང་འབྲུ།
19a4 ནཻ་ཧའི་ཡུལ་དུ། མཁའགྲོ་མ་པུར་རྔ་ཉེ་བར་ཞི་བས། རིན་པོ་ཆེ་སྦོམ་བུའི་མན་ངག་འདི་རབ་ཏུ་སྨྲ་སོ།། བྱང་ཆུབ་སེམས་དཔའ་ཁྱེའུ་གཞོན་ནུ་སྣང་བ་བསམ་གྱི་ཁྱབ་པས། འཁོར་གྱི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན
19a5 པོ་དང་མི་དང་མི་མ་ཡིན་པ་རྣམ?།། རབ་ཏུ་ཞི་བའི་སེམས་དང་ལྡན་ནས། ཐབས་གཅིག་ཏུ་འཁོད་དོ།། རབ་ཏུ་བཀའ་ཉན་ཏེ། ཀླེ་ཀྵུཾ་གཞོན་དུ་སྣང་པ་དམ་པ་ཁྱོད་ཉོན་ཅིག། སངས་རྒྱས་ཐ~ཾད་ཀྱི་ཐུག་མཁྱེན་པ་ནི
19a6 ང་ཉིད་བདག་ཏུ་རྟོག་པའི་བློ་དང་བྲལ་ནས། རང་རིག་པའི་ཡུཾས་མི་གཡོ་བའི་ཤེས་རབ་ཙམ་ལ་གནས་པ་ནི་མ་ཡིན་ནོ།། དྲི་ཉིད་རང་བྱུང་གི་ཡིས་རང་སྣང་བའི་དུས་ནཱ། ཐཾད་ཡིས་ཀྱི་རོལ་པར་ཤ་རོ།། བྱ་བ་ཙམ་ལ་ཡང
19a7 གནས་པ་མ་ཡིན་ནོ།། ང་ཉིད་ཆོས་ཉིད་མཉམ་པའི་དབྱིངས་ལ་ཡང་གནས་པ་མེད་དོ།། ཀྲཱྀ་ཀྵཱི་ང་ཉིད་ཡིས་རང་སྣང་བའི་དུས་ན། དག་པའི་ཞིང་ཁམས་མ་བསྒྲིབས་ཡོངསུ་གསལ་བ།། མཐའ་དང་དབུས་མེད་པ།




iiif viewer powered by OpenSeadragon

18b - 19b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa