e-texts navigator
Collection
Volume
Page
Wylie

18a1 དེ་ཤར་བས་ལྟ་རུ་མེད་པའི་སངས་རྒྱས་ཉག་གཅིག་གི་སྐུ་མཐོང་ངོ་།། དེ་མཐོང་བས་ཐ~ཾང་མཁྱེན་པའི་ཡིས་ཐོབ་པ་དང་ལྡན།། དེ་ཐོབ་པས་ཤེས་བྱའི་སྒྲིབ་པ་འང་གོ།། དེ་དག་པས་སངས
18a2 རྒྱས་ཉག་ཅིག་ལྷུན་གྱི་གྲུང་པོ།། མི་ནུབ་རྒྱལ་མཚན་རྩེ་མོ་བྱུང་རྒྱལ། ཐིག་ལེ་ཉ་གཅིག་དྲི་མ་མེད་པ། རང་བྱུང་ཡིས་བརྡལ་ཁྱབ་ཆེན་པོ།། རིག་པ་ཡིས་དྲི་མ་མེད་པ་རང་སྣང་བ་དང་ལྔའོ།། ལྔ་གསུམ་བཅོ་ལྔའི་མན་ངག་རྗེ་ཚིག་བ
18a3 པ། ཀུན་ལ་བསྟན་པ་མ་ཡིན་ཐུག་ཀྱི་གཏེར་དུ་སྤོས། ཡིས་ཉི་མ་རང་ལ་ཤར་བ་འདི།། སྔ་དང་ཡི་གེ་ཐ་སྙད་ཀུན་ལས་འདས།། ན་མཁའ་ལྟ་བུའི་ཆོས་ཉིད་དག་པ་ལ། ཉི་མ་ལྟ་བུའི་རྡོ་དཔའ་བསལ།། མ་ན་ཤེས་ལྟ་བུའི་རིག་པ
18a4 འཛིན་པས་ཉམ།། ཀུན་དང་མི་མཉེ་བྱ་རྒོད་ཕུང་པོ་ལ། སྐད་ཅིག་ཙམ་བདག་ཉིད་དོན་དང་འཇལ།། ཡུལ་གྱི་སྒྲིབ་པ་མ་སྦྱངས་གན་སུ་དག། འདི་ནི་མན་ངག་གི་སྡེམ། གསང་བའི་གཏད་རྒྱ་དང་བཅས་པ་མན་ངག་གི་ཏི་ག་ཆེན་པོ
18a5 ཡང་གསང་ཡང་གབ་ཡང་སྦས།། དུས་ལྔ་བརྒྱའི་སྙིག་མ་ལ།། གང་ཟག་ལུང་གིས་ཡིད་ཆེས་བྱེད་པའི་དུས་བྱུང་བའི་དུས་སུ།། དེ་བཞིན་གཤེག་པ་ཐ~ཾད་ཀྱི་ཐུག་ཡང་དག་པའི་ཡིས་རྡོ་ཚིགས་གསུམ་པ་འདི་གང་ཟག་ལས
18a6 འཐུན་པའི་དོན་བྱེད་པར་གྱུར་ཅིག། ཞེས་སྟོན་པ་རྡོ་འཆང་གི་ལུངས་བསྟན་ཏོ།། པདྨ་འཁྱིལ་པའི་རྒྱུད་ལས།། མཁའ་གྲོ་མ་ནས་བརྒྱུད་པའི་ལུང་བྱང་ཆུབ་སེཾས་མུན་སེལ་འབྱེད་པའི་སྒྲོན་མའི་ལིའུ་སྟེ་བཅུ་གཉིས་པའོ།།
18a7 དེ་ནས་སངས་རྒྱས་རྡོ་འཆང་ཆེན་པོས་ནོར་བུ་རིན་པོ་ཆེ་འདི་གསུངསོ།། ཨུ་རྒྱན་གྱི་ཡུལ་གའུ་པར་ཤ་ནའི་ནག་ཚལ་དུ།། ཙནྡྲ་ལོག་སྤྱོད་ཅན་གྱིས་བདག་གསོད་གཞན་སྒྲོལ་གྱི་མམ་ངག། རལ་གྱི་ཁ་མངས་ཀྱི་ཕར




iiif viewer powered by OpenSeadragon

17b - 18b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa