| | e-texts navigator
|
17b1 གསལ་བཅིང་ལ་བཅད་དེ་ལྟ་བ་ལ་འབྱམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ཐུག་ཀྱི་དཀྱིལ་གསང་བའི་སྒོ་ཕྱེ་ནས།
17b2 གསང་སྐོར་མན་ངག་སྒྲོན་མ་འགྲོ་བའི་ཆེད་དུ་གསུངསོ།། ངའི་གསང་བ་མན་ངག་འདི།། རིག་པ་འཛིན་པས་ནན་རྒྱས་ཐོབ།། ཕྱི་རབ་རྣམས་ལ་རྟོག་བྱའི་ཕྱིར།། རྒྱུད་བརྒྱས་བཏབ་ལ་བསྟན་པར་བྱ།། དེ
17b3 མེད་ཀུན་ལ་གསང་དོན་དུ།། སྣ་རྒྱ་བྱས་ལ་གསང་བར་བྱ།། ལེག་པར་བཀའ་དང་མཐུན་པས་ན།། ཐུག་ཀྱི་གཏེར་དུ་སྦས་རྒྱ་བྱ།། བཀའ་བསྲུངས་བྱར་བྱེད་པས་ན།། དེ་ལ་གཏད་རྒྱ་བྱས་ལ་གཏད།། རྒྱ་ལྔས
17b4 བཏབ་པའི་མན་ངག་འདི།། ཤིན་ཏུ་ཟབ་པར་རབ་ཏུ་བསྟན།། དེ་ཕྱིར་སྟོན་པས་གསུངས་པ་འདི།། ཕྱི་རབ་སྦ་བར་བྱ་བ་དང་།། གཏེར་གྱི་བསྲུང་མར་གཏད་པ་དང་།། གནས་ཀྱང་ལེག་པར་སྦ་བ་དང་།། སྦས་པའི་རྟག
17b5 ཀྱིས་ཟབ་མོར་གནས།། དེ་ཕྱིར་ངའི་མན་ངག་འདི།། པུ་ཏིག་བཏང་ལ་བརྒྱུས་པ་འམ།། སེང་གེའི་འཕྱོང་པ་ལྟ་བུ་དང་།། རུས་སྦལ་འགྲོས་བཞིན་མཁས་པས་ཤོད་།། དང་པོར་མི་དམིགས་པའི་ཤེས་རབ་ཆེན་པོ
17b6 ལ་རྒྱབ་བཏད་པར་བྱའོ།། བླ་མ་རྡོ་རྗེ་སློབ་དཔོན་ལ་གདུད་པའི་དད་པ་བསྐྱེད་པ་དང་། ཁམས་གསུམ་གྱི་སེཾན་ལ་སྙིང་རྗེའི་རྒྱུན་ཐག་མི་འཆད་པ་དང་། དགེ་བཅུ་དང་དུ་བླང་བ་དང་། རང་སེམས་སྤང་དུ་གཙུགས་ལ་རྒྱུ
17b7 སོགས་མེད་པར་བྱ་བ་དང་ལྔའོ།། དེ་ལྟར་བྱས་པས་ལམ་འགྱུར་བ་མེད་པ་དང་འཕྲོད།། དེ་དང་འཕྲད་པས་ཞིང་ཁམས་རྣམ་པར་དག་འཚོང་ཉིད་སྡང་བ་མཐོང་ངོ་།། དེ་མཐོང་བས་འཆང་ནུབ་མེད་པའི་ཉི་མ་མཚར
iiif viewer powered by OpenSeadragon
17a - 18a