e-texts navigator
Collection
Volume
Page
Wylie

17a1 ནི་གང་ཡོད་མེད། ཅི་སྟེ་སྲོག་བཅད་སྡིག་ཏུ་འགྲོ་ན་ཡེ་ནས་ཆད་པ་སུ་ལ་སྡིག། སྙིང་རྗེས་བྱང་ཆུབ་རླུང་དུ་མི་སྟེར་སྙིང་རྗེས་སུ་ལ་བཟུང་། གང་ལ་འཛིན་པ་ཡོད་པ་དེ་ལ་ལྷག་པའི་བསམ
17a2 པ་ཡོད་ཀྱང་སྡིག། ཏིང་འཛིན་རྟོགས་ཁང་འབྲམ་བཏིང་ཚུགས་པ་མེད་པ་བྱང་ཆུབ་བདེ་བའི་ཤགས། རྒྱལ་བ་མི་མཆོད་སངས་རྒྱས་མི་སྒྲུབ་ཐར་པའི་ལམ་མི་འདོད་པ་དེ།། ཁབ་ལེན་རྡོ་ལ་ལྕགས་འདུའི
17a3 ཚུལ་དུ་ཚོགས་གཉིས་བསག་མི་དགོས་པར་འདུ། མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་བ་མི་བྱ་སྙམ་སྙོམས་བཞག། བྱས་ལ་སོགས་པའི་ལས་ནི་བྱས་པས་མི་ཟིན་བྱས་ཤིང་རྟོགས་པའི་རྒྱུ།། ཡུས
17a4 དང་དབང་པོ་དག་སོགས་བསྡུ་མི་བྱ་སྟེ། དེ་བཞིན་གཞག་པར་བྱ། བྱ་བ་དང་བྲལ་བའི་སྤོད་པ་འདི་ཉིད་དང་དུ་ལེན་པ་ཡང་མེད་དོ།། རྡོ་རྗེ་མི་འཆང་སྔགས་མི་འཆང་ཞིང་དབེན་པར་འདུག་མི་བྱ།། མཆོད་གཏོར
17a5 སྦྱིན་པའི་ཕྱོགས་ནི་གང་ཡང་མི་གཏང་མི་བསྔོ་སུ་ལ་སྔོ།། ཆོ་ག་ལ་སོགས་འཁྲུལ་པའི་ལ་སོ་རྣམ་སྤྱད་མི་བྱ། རྫོགས་པ་ཆེན་པོའི་རང་བཞིན་ཀུན་གྱི་སྙིང་པོ་ཡིན་ཏེ་འདི་ལ་ཅི་ཡང་མེད། ཕུག་ཏུ་འདུག་ལ་བསྒོམ
17a6 པོ་མི་བྱ་རྡོ་རྗེ་ལྟ་བུའི་ཆོས་ཉིད་དེ་ལ་སྒོམ་དུ་མེད། དཔེར་ན་རི་རབ་རྩེ་ལ་ཉི་མ་ཤར་བས། ཡིས་ཐུགས་ལ་ཉི་མ་གཅིག་ཤར་སྤྲོ།། སྐོམ་ཆེན་རྒས་པའི་དུས་སུ་བཅོལ་བའི་ནང་དང་བྲལ། སྟོང་གསུམ་ཉུངས་འབྲུ།
17a7 ཆུང་ན་འཁོར་བ་རྨ་ཡིས་ཐེབས། ཆོས་ཀྱི་སྐུ་ཡིས་ལྷག་མ་མེད་པར་རྫོགས་པའི་དུས་ན། སྒྲིབ་པ་ཡང་ལྷག་མ་མེད་པར་འཇོང་ངོ་ཅེས་རྡོ་རྗེ་འཆང་ཉིད་ཀྱིས་གསུངསོ།། པདྨ་ལཁྱིལ་པའི་རྒྱུད་ལས། གགས




iiif viewer powered by OpenSeadragon

16b - 17b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa