e-texts navigator
Collection
Volume
Page
Wylie

16b1 མ་སོང་བར་ཕྱིན་པའི་ས་ལ་འདུགམ་བྱས་པར་ཟིན་པའི་ལས་ཀྱིས། རྒྱལ་པོ་ཡུལ་འཁོར་རྩེ་ནས་ཆེ། ལྷན་ཅིག་འཕྲོག་པའི་ཡ་མ་གཉིས་རྒྱ་མཚོའི་གཏིང་དུ་སོང་ལ།། རི་རབ་ཀྱི་རྩེ
16b2 ནས་བྱར་གྱིས་ཅིག། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྒྲ་ཐང་ལོག་ཏུ་སྟོན་པའོ།། དེ་ནས་ལྟ་བའི་ལ་བཅོད་འདི་འགྲོ་བའི་ཆེད་དུ་གསུངས།། སངས་རྒྱས་དང་སེམས་ཅན་གཉིས་ལ་རྒྱུ་གཅིག་ལས
16b3 མེད་པ་ལ་སྤད་ཀྱིས་ཆོད།། རྒྱུ་དེ་ཡང་སངས་རྒྱས་ཡིན་པར་ཐག་ཆོད།། དེ་རང་གི་ངོ་བོ་མ་ཤེས་པས་འཁྲུལ་པ་མ་རིག་པར་ལ་སླད་ཀྱིས་ཆོད།། དེ་ཡང་མེ་ལོང་ལ་རྟེན་ནས་སྐྱེས་བུ་རང་གི
16b4 བྱད་མཐོང་བ་ལ་སྲད་ཀྱིས་ཆོད།། དེ་མཐོང་བའི་དོན་ལ་མ་ཡེངས་པར་ཐག་ཆོད།། དངོས་པོའི་གནས་ལུགས་ལ་སྐེམ་དུ་མེད་པ་ལ་སྤད་ཀྱིས་ཆོད།། བསྒོམ་པས་སྙེད་ན་གནས
16b5 ལུགས་མིན་པར་ཐག་ཆོད།། སྒོམ་དུ་མེད་པའི་དོན་ཅིག་མ་ཤེས་པར་སངས་མི་རྒྱ་བ་ལ་སླད་ཀྱིས་ཆོང།། འཁོར་བ་ཐོག་མཐའ་མ་ཤེས་པར་མན་ངག་གི་ཟག་མི་ཆོད་པར་ཐག་ཆད་དོ།། ཡི་གེ་མེད་པ
16b6 རྒྱུད་སྐོམ་དུ་མེད་པའི་ལུང་།། རེ་བ་མེད་པའི་ལྟ་བ། མ་བཀག་པའི་སྤྱོད་པ། མ་བསགས་པའི་ཚོགས་མ་སྦྱང་པའི་སྒྲིབ་པ། རྒན་མོ་འདུག་ཚུལ་ཀྱིས་མན་ངག། ཤེས་རབ་བསྒྲོལ་མས་ལྟོས་ཤིག
16b7 དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ལྟ་བའི་ལ་བཟླ་བ་འདི་གསུངས་སོ།། བྱང་ཆུབ་འདོད་ན་སྡིག་པའི་ལས་རྣམས་ཆེར་སྤྱོད་དེ་དོན་བློ་ལ་བཞག། གང་ཡང་སྙིང་རྗེས་མི་བཟུངས་སུ་ཡང་སྙིང་རྗེ




iiif viewer powered by OpenSeadragon

16a - 17a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa