| | e-texts navigator
|
16a1 གཉིས་སུ་མེད་པར་སྙོམས་པར་འཇུན་པ། འདུ་དཔག་མེད་པ་ནི་རང་གི་སེམས་ཀྱི་དམ་པ་སྡང་བས་འགགས་པར་སྣང་བ་སྟེ། ཕྱི་མའི་ཚེ་ཕྱི་མའི་དུས་ཡང་རང་གི་དེ་ཉིད་ཏུག
16a2 པ་འམ་སུ་མྱོང་བའོ།། བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ།། རིག་པའི་སྟོབས་སུ་གྱུར་ནས། ཕྱི་ནང་གསང་བའི་རྟགས་དང་ལྡན་ན།། བཅོམ་ལྡན་འདས་རྡོ་རྗེ་མི་བསྟོད་པ་དང་གཉིས་སུ་མེད་པར
16a3 སྙམ་པར་འཇུག་གོ།། མི་སྐྱོད་པ་ནི་རང་གི་དེ་བཞིན་འགྱུར་བ་མེད་པར་གནས་སོ།། དོན་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི།། སེམས་ཀྱི་དམ་པ་མངོན་པོར་སྣང་བ་ཞེས་བྱ་སྟེ།
16a4 དེ་བཞིན་གཤེགས་པའི་སྟོབས་དང་ལྡན་པའོ།། པདྨ་འཁྱིལ་པའི་རྒྱུད་ལས། རིན་པོ་ཆེའི་སྤྱི་བཅིངས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་གལ་ཚིག་ཅུ་དྲུག་གི
16a5 མཐའི་གགས་གསལ་སྟེ། ཐོག་མར་ཆོས་སྐུ་བས་མཐོ་མི་ནས་འཁྲུལ། སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ།། སངས་རྒྱས་ཀྱི་སློབ་དཔོན་དམྱལ་བ་ཡིན།། སངས་མ་རྒྱས་པར་སྒོམ་དུ
16a6 མེད།། སྲོག་མ་བཅད་པར་སངས་མི་རྒྱ།། ན་མཁའ་མ་བཀག་པར་འོད་མི་གསལ།། ཆོས་སྤྱོད་མ་བྱས་ན་འཁོར་བར་མི་ལྟུང་།། འཚམས་མེད་པ་ལྔ་མ་བྱས་པར་འབྲས་བུ་མི
16a7 ཐོབ།། སེམས་ཅན་ལ་སངས་རྒྱསུ་འདོད་པ་འཁྲུལ་པ་ལ་འཁྲུལ་པ་རྩེགས།། ཀུན་བཞི་ཆོས་སྐུར་འདོད་པ་མཐའ་མེད་པའི་རྒྱ་མཚོ་ལ་འབོག། དཀར་ཁུང་མ་བཀག་པར་ན་མཁའ་མི་གསལ
iiif viewer powered by OpenSeadragon
15b - 16b