| | e-texts navigator
|
15b1 ཀྱི་ངོ་བ་སྣང་བ་ནི་ཉི་མ་དང་། འོད་བཞིན་དུ་འཆར་རོ།། བཀའ་ལུང་གི་ཕྱི་མོ་ནི་ཉི་མའི་སྙིང་པོ་ལྟར་སྣང་བ། ཐབས་ཀྱི་ཡིས་བྲམ་ཟེ་རྒྱུ་མ་མཁན་ལྟར་སྣང་བ། ངག་གི་ཚིག་ནི་རིན་པོ་ཆེ་རྩར་ལ་བསྐྱམ་པ་ལྟར་གནས།
15b2 པ་ལ་ཟླ་བའི་ཚིག་ནི་གསེར་མིག་གཡུས་སྨྲས་པ་ལྟར་གནས་པ། སྤྱོད་པའི་མཐའ་ནི་དད་ཀྱི་བདུད་པ་ལྟར་གནས་པའོ།། དམ་ཚིག་འདུས་པའི་རྒྱུད་པདམས་ངག་གི་ཚིག་གསུམ་གྱི་བྱང་ཆུབ་སེམས་རིན་པོ་ཆེ་སྤྱི་བཅིང།
15b3 པའོ།། བྱང་ཆུབ་སེམས་དཔས་རང་གི་སེམས་ཀྱི་དམ་པ་མཐོང་པོའི་ཚེ། དེ་ཉིད་སྟོབ་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་ལྡན་ནས་ནམ་ཤི་བའི་དུས་སུ་ཡང་སྒྲ་དང་འོད་དང་གདུང་འབྱུང་བར་གྱུར་ན། དེ
15b4 ཉིད་ཤར་ཕྱོགས་ཀྱི་ཁམས་སུ་དེ་བཞིན་གཤེགས་པའོ།། དེ་ཉིད་སྟོབ་སུ་མ་གྱུར་པར་སྣང་བ་འགགས་ན། རིང་པོ་མི་ཐོགས་པར་བླ་མ་དམ་པ་དེའི་དྲུང་དུ་འཁོད་པར་འགྱུར་ཏེ། ཕྱི་མའི་དུས་སུ་ཡང་ཆེ་རིང་བར
15b5 སྤྱོད་པར་འགྱུར་ཏེ། དེའི་དུས་སུ་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ།། བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ།། རིག་པའི་སྟོབ་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་མི་ལྡན་ན།
15b6 བདག་ཉིད་ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་སྐྱེ་ཏེ། དེའི་དུས་སུ་རྟོགས་པ་ཁྱད་པར་ཅན་ལ་སྤྱོད་དེ།། མྱུར་བར་ཆེའི་འདུ་བྱེད་བྱུང་ནས་དེའི་དུས་སུ་རྣམ་པར་གྲོལ་བའི་ཡོས་ཤེས་ཐོབ་པར་འགྱུར
15b7 བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ། རིག་པ་སྟོབས་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་མི་ལྡན་ན། བདག་ལམ་དུ་འཇུག་པའི་ཚེ། བཅོམ་ལྡན་འདས་འོད་དཔག་མེད་པ་དང
iiif viewer powered by OpenSeadragon
15a - 16a