| | e-texts navigator
|
15a1 བསམ། ལྟ་བ་ལ་བཅོད་དཀྱུས་ཤེས་པའི་ཐག་བཅད། ལུང་རིག་བློ་ཡིན་པའི་ཕྱིར་ལྟ་བ་ཁ་འབུམ་གྱི་བཉའ་མནན། གནས་ལུགས་ལ་སྒོམ་དུ་མདོ།། བསྒོབས་པས་རྙེད་ན་གནས་ལུགས་མིན།། ཁྲུག
15a2 པ་ལྔ་པས་བཅིངས་པའོ།། རྡོ་རྗེ་འཆང་ཆེན་མན་ངག་ནི། གང་འཁྲུལ་ཅིས་འཁྲུལ་ཅིང་འཁྲུལ།། དེ་གང་གིས་ཤེས་ཅིར་ཤེས།། ཅིས་ཤེས་རྔ་ཐོག་མ་རང་གྱི་རྩལ་སྡང་བ་ལ་ངེས་པའི་བག་ཆགས་པས་ཡུལ་དུ་མར་སྣང་ངོ་།། ཤེས
15a3 པ་ལ་འཛིན་པའི་སྡིག་པ་བློ་བུར་བར་བྱུང་བས་སེམས་དུ་མར་སྣང་ངོ་།། དུ་མ་སྲིད་པར་ཆགསོ།། དེ་ཡང་དཔེར་ན་ཤེས་པ་བློ་བུར་དུ་སྣང་བའི་དབང་གིས། མར་མེ་གཅིག་ལས་གཉིས་སུ་ཕྱེ་བ་འམ། ས་བོན་གཅིག་ལས་ཀྱུ
15a4 ཀུ་ཐ་དད་དུ་སྣང་བ་བཞིན། ཤེས་པ་ལྔ་མ་ལས་རང་རིག་སྣང་བ་ལ།། འཛིན་པའི་བློས་ཡུལ་བ་དག་ཏུ་བཟུང་། དེས་སེམས་དང་སེམས་ལས་བྱུང་བའི་ཆོས་དུ་མ་སྣ་ཚོག་སུ་སྣང་ངོ་།། ཤེས་པ་རྒྱན་འདབ་འབྱོར་པས
15a5 ཕྱི་མ་ལས། ངོ་བོ་ཉིད་མ་བཅོས་པར་སྣང་བ་ལས། འགག་པ་མེད་པའི་ཡིས་རང་ངོ་།། རིག་པ་འགག་པ་མེད་པས་ཐོག་མར་ཡང་མ་འགག། བར་དུ་ཡང་མ་འགགས། ཐ་མར་ཡང་མི་འག་གོ།། འབྲས་བུ་སང
15a6 རྒྱས་ཀྱིས་ན་ཡང་ངོ་བོ་གཅིག་རང་བཞིན་ཐ་དད་དོ།། རྒྱུ་སེམས་ཅན་གྱི་དུས་ན་ཡང་ངོ་བོ་གཅིག་རང་བཞིན་ཐ་མི་དད་དེ།། དེའི་དུས་སུ་གཉིས་སྣང་གི་རྟོག་པ་གཞི་ལ་གྲུབ་པས། མེ་ལོང་དང་གཟུགས་བསྐྲུན་གྱི་ཚུལ
15a7 དུ་སྣང་ངོ་།། རྟོགས་པའི་དུས་ན་ཡང་དེ་བཞིན་ནོ།། གསང་བ་སྤྱི་བཅིངས་རྒྱལ་བའོ།། རང་བཞིན་ལྷུན་གྱིས་གྲུབ་པ་ནི་མེ་ལོང་ལྟ་བུའི་ཡིས་སུ་སྣང་ངོ་།། ཐུགས་རྗེ་ཆེན་པོའི་རྩལ་ནི་སྐུ་གསུམ
iiif viewer powered by OpenSeadragon
14b - 15b