e-texts navigator
Collection
Volume
Page
Wylie

14b1 རིག་པའི་ཐོང་།། འདུ་འབྲས་ཅང་བྷ་བ་རྒྱ་མཆ།། དང་གིས་མ་ཆགས་པདྨ་འངམ་སྐྱེས་འདྲ། གུད་ཏུ་བཟུང་བ་དངས་སྙེད་ཐ~ཾང་ཡངས་ན།། དུས་གསུབ་རྒྱལ་བའི་འོདྲང་འབྱུར་མེ་བག། ངེས་པའི་ན།
14b2 ལ་མ་ཡེངས་བློ་བཞག་ན།། མི་འགྱུར་བསམ་གཏན་ཞེས་བྱའོ།། སྒྱུ་མ་ལྟ་བུའི་ཡིས་ལ་བླ་མི་བཞག། སངས་རྒྱས་ཀྱི་དགོང་པ་དམིག་སུ་མེདོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་བཀྲོད་མེད་།། ཡིས་ཀྱི་ལམ་ལ
14b3 འཇུག་དུ་མེད་དོ།། བྱང་ཆུབ་སྙིང་པོ་ཡེ་ནས་གྲུབ་ཟིན་པས།། ད་ལྟར་སྒྲུབ་པའི་རྩོལ་བ་བྱར་མེདོ།། རང་བདག་ཏུ་ངོ་ཤེས་ནས་ཐ་མལ་པར་མཐོང་།། ཕྱོག་མེད་ཀྱི་ཡིས་འཕྱོ་བ་བདག་རྟོག་གི་བློ་དང་བྲལ་བའོ།། ཞེས་བཞག
14b4 ཐབས་བདུན་པ་གསུངསོ།། པདྨ་འཁྱིལ་བའི་རྒྱུད་ལས་ཉམ་སུ་བླངས་པ་བཞག་ཐབས་ཀྱི་ལེའུ་སྟེ་དགུ་པའོ།། ། དེ་ནས་མདོ་བསྡུ་བ་འདི་གསུངསོ།། སརྦ་ཏ་ཐ་ག་ཏ་ཀྲ་ཐ། ན་མ་ཀྲི་ཀུ་རུ་ཡེ
14b5 མ་ནུ་པ་ལ་ཨ་སྭ། མ་ལ་མ་ལ། ར་ཛ་ཀ་ར། ཨ་བ་ར་དྷ། འཁྲུལ་གཞི་ལ་ཐོབ་མ་མེདོ།། ཐ་མ་ཡང་མེདོ།། འཁྲུལ་པ་ལ་ཐོག་མ་ཡང་ཡོད།། ཐ་མ་ཡང་ཡོད་དོ།། ཁུག་པ་ལྔ་པ་ནི་ཡེ་གེ་ལྔ་པ་མན་ངག་གཱི་ཙཱ་བ
14b6 ཡིན་ཡི་གེ་བཞི་པ་ནི་བརྡའི་མང་ངག་སྟེ་ཤེས་རབ་ཅན་ལ་བསྟན།། ཡི་གེ་བཅུ་གཉིས་མ་ནི་མན་ངག་གི་མན་ངག་ཏེ་གནི་རྟེན་ལ་དབབ། བཤད་པ་གསུམ་པ་ནི་གཞིའི་གནས་ལུགས་ཏེ་ལས་ཀྱི་མཐར་ཐུག། རོན་མཚོན་པའི་ཡིས
14b7 ཁུག་པ་ཐ་མ་ཀླད་ལ་སྨོས། རང་རིག་གཏན་ལ་འབེབ་པའི་ཡིས་ཏེ། ལུང་མན་ངག་གིས་མ་ཕེབས།། བརྡའ་དང་ངག་ལ་རག་ལུས།། རང་རིག་གཏན་ལ་འབེབས་པའི་ཐེག། གལ་ཚིག་བཅུ་དྲུགིས་མཐའི་རྣས




iiif viewer powered by OpenSeadragon

14a - 15a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa