e-texts navigator
Collection
Volume
Page
Wylie

14a1 ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་དང་། ཐ~ཾད་མཁྱེན་པའི་ཡིས་ཤར་བའོ།། འགྱུར་བ་མེད་པའི་ལྟ་བར་ལ་བཟླ་བ་དང་། ཡིད་ཆེས་པའི་ལུང་གིས་རྒྱས་གདབ་པ་དང་ལྔའོ།། པདྨ
14a2 འཁྱིལ་པའི་རྒྱུད་ལས་། རྡོ་རྗེ་སེམས་པའི་ཞལ་མཐོང་ནས། ཟ་མ་རྟོག་གིས་ངོ་སྤྲང་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཞག་ཐབས་བདུན་པ་འདི་གསུངསོ།། སྒོ་པའི་མདོ་ལ་བ
14a3 སྟེ། བསམ་གཏན་དོན་ལ་གང་འཇུག་ལ། སྒོམ་མོ་མཉམ་པའི་ནད་ཀྱི་ཟིན་ཏ་རེ།། སྟོན་པས་བསྟན་པའི་ལུང་ལ་མཐའ་སྤྱད་པ།། མཚན་མའི་རྣམས་རྟོག་ཅན་དུ་གྱུར་ཏེ་རེ། བདེ་གཤེགས་ཡུལ་ནི་ཚིག་གི་མཚོན
14a4 དུ་མེད། སངས་རྒྱས་ཡུལ་དུ་བསྟན་པ་བདག་གིས་འཁྲུལ། སྒོམ་དུ་མེད་པའི་ལྟ་བ་ལ། ཡེང་བ་མེད་པའི་བློ་བཞག་སྟེ། སྐྱེ་བ་མེད་པའི་དབྱིང་ཉིད་དུ། འཆི་བ་མེད་པའི་རིག་པ་བཞག། འདུ་འབྲལ་མེད
14a5 པའི་རང་བཞིན་ལ། གཏང་སྙོམས་ཆེན་པོའི་དོན་ཅིག་བཞག། ཚོགས་སྡང་མེད་པའི་བདེ་འཇམ་ལ།། སྤོང་ལྡན་མེད་པའི་དོན་ཅིག་བཞག། གཞི་རྩ་མེད་པའི་ཀློང་ཡང་སུ།། ཁྱབ་བརྡལ་ཆེན་པོའི་ང
14a6 གཅིས་བཞན།། ཡེ་ནས་རང་བྱུང་ཆེན་པ་ལ།། བརྗོད་པ་མེད་པའི་ཏིང་འཛིན་བཞག། གདོང་ནས་རྣམས་དག་ཆོས་དབྱིངས་ལ།། དམིགས་པ་མེད་པའི་འཛིན་པ་བཞག། ཡུལ་དུ་སྣང་བ་ཡུལ་གྱི་གྲོང་།
14a7 རིག་པར་སྣང་བ་ཡབ་ཀྱི་མཁའ།། མཁའ་སློང་གཉིས་སུ་དད་འདུས།། དེ་ལ་དཔེ་ཡིས་མཆོད་དུ་མེད།། དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱི།། བཙལ་ཡང་རྒྱལ་བས་མི་སྙེམ་སོ།། རང་བྱུང་བརྩལ་མེད་བདེབ




iiif viewer powered by OpenSeadragon

13b - 14b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa