| | e-texts navigator
|
13a1 ལྷག་པའི་ཡིས་ལས་འཕགས། མཚན་མ་དང་བྲལ་བའི་རིག་པའི་སྙིང་པོའོ།། མེད་བཞིན་དུ་སྣང་བ་ཐ~ཾད་མཁྱེན་ཏོ།། སྔོན་བྱུང་གི་གནས། མི་གཡོ་བའི་ཤེས་རབ་ཐད
13a2 ཀྱི་འབྱུང་གནས།། འོད་མི་འགྱུར་བ། དུས་གསུམ་གྱི་ལམ་ཆེན་པའོ།། སངས་རྒྱས་ཐ~ཾད་ཀྱི་ཐུགས་གསང་བ་འདི་ནི། སེན་གྱི་དོན་དུ་སྔག་པས་གསང་སྔགས་བླ་ན་མེད་པའོ།། ནམ་མཁའ་གཞལ་མེད་ཁང་དུ་སྣོད་བཅུད་ཀྱི་རྟེན
13a3 བཅས་སྟེ། མི་ལེན་པའི་མཛད་སྤྱོད་ཀྱི་ཀློང་དུ་དྲིལ་ནས། ཐབས་ཀྱིས་ཤེས་རབ་ཀྱི་རྫོང་ལ་ཞེན་ནོ།། རྡོ་རྗེ་མདེའི་བཅུད་ཀྱི་སྙིང་པོ་ཐིག་ལེ་ཉག་ཅིག་གསུངས་པའོ།། པདྨ་འཁྱིལ་པའི་རྒྱུད་ལས།། སྐྱེ་རྒྱུད་དང་། ལུས་ཀྱི་ཀུན་གཞི་དང་།
13a4 མན་ངག་ཚིག་གསུམ་དང་། སྐུ་གསུམ་བསྲེ་བ་དང་། ཐིག་ལེ་ཉག་གཅིག་སྟེ། གཞིའི་ཆོས་ལྔའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཐུབ་པ་ཆེན་པོ་དྲུག་གིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བ་འདི
13a5 གསུང་སོ།། བཅོམ་ལྡན་འདས་མ་བྱོན་པའི་སྔོན་རོལ་ན། ཉིད་ཀྱི་རང་བཞིན་ཇི་ལྟ་བུ་ལགས། སྟོན་པ་ཇི་ལྟ་བུ་ལགས། ཞིང་ཇི་ལྟ་བུ་ལགས་ཅེས་བྲིས་པ་དང་། ཉིད་ཀྱིས་སྨྲས་པ་ཉོན་སྡིག། མི་འཁྲུག་རྡོ་རྗེ་སེངའ་ཡིན།།
13a6 སྙིང་རྗེ་གཡོས་ནས་བསྐྱེད་པའི་ཕྱིར། སེམས་ཅན་ཀུན་གྱིས་མཉེན་གཅིག་པོ།། སྟོན་པ་ཆེན་པོ་ང་ཡི་ཡུམ།། རྡོ་རྗེ་རིན་ཆེན་ང་ཡི་གདུང་།། པ་ནི་ཐབས་མཆོག་དཔག་ཏུ་མེད།། མ་ནི་ཤེས་རབ་རྗོད་ལས་འདས།།
13a7 དེ་ནི་རང་ཕྱུང་ཡིས་ཡིན།། མུན་སྣང་གཉིས་ཀྱི་བར་ན་འོངས་ཅེས་སྨྲས་པ་དང་།། ཨེ་མ་ཧོ།། མཐོང་ཡུལ་ཀུན་དུ་བདེ།། དོན་སྲིད་ཆེན་པོ་འབྱུང་འགྱུར་ན།། ནོར་བུ་རིན་ཆེན་མ་དྲུག་གམ་ཞེས་ཞུས་པ་དང་།
iiif viewer powered by OpenSeadragon
12b - 13b