| | e-texts navigator
|
12b1 བཅུ་དང་ལྡན་པ་སྟེ། རྩལ་གྱི་སྒོ་ནས་ཡོན་ཏན་དུ་བསྟན་པའོ།། ཡོད་ཏན་གྱི་སྒོ་ནས་རྩལ་བསྟན་པ་ནི། ཡོང་སྤྱོད་རྫོགས་པའི་སྐུ་ལྔ་ལས། རིགས་རེ་རེ་ལ་འདུལ་བའི་འཁོར་དོ་གང་ས་སའི
12b2 ཐ་དད་པ་རེ་འབྱུང་བ་ནི། དཔེར་ན་ཉི་མའི་སྙིང་པོ་གཅིག་ལས་ཡུལ་གྱི་དབང་དུ་ཚིམ་པ་སྟ་བུ་སྟེ། ཡུལ་རེ་རེ་ན་ཉི་མ་རེ་རེ་སྣང་བ་དང་འདྲ་སྟེ། དེ་བཞིན་དུ་ཆོས་ཀྱི་སྐུ་ཅིག་གིས་ཀུན་ལ་ཁྱབ་པར་བསྟན་པ་ནི་འོན
12b3 ཏན་གྱི་སྒོ་ནས་རྩལ་བསྟན་པའོ།། རྡོ་རྗེ་སེམས་དཔའི་སྐུ་གསུམ་བསྲེ་བའི་མན་ངག་གསུངས།། སརྦ་ཏ་ཐཱ་ག་ཏ་ཀྲ་ཐཾ། དེ་ནས་སངས་རྒྱས་ཐ~ཾད་ཀྱི་ཐུགས་ཡིས་རྩེ་ཅིག་པའི་སྙིང་པོ་ནི་སྐུ་གསུམ་ལྷུན་ཐུབ
12b4 གྱི་མན་གང་གིས་བཅུད་ཕྱུང་བའོ།། ཡིས་ཀྱི་སྨན་ཡོངས་སུ་རྫོགས་པའི་མན་ངག་ཐཾད་མཁྱེན་པས་གསུངས་པ། བཟུང་འཛིན་དང་བྲལ་བའི་རིག་པའི་ཡེས་མཚན་མ་དང་བྲལ་བའི་ཆོས་ཉིད་ཀྱི་མཁའ་ལས
12b5 ཁྱབ་བརྡལ་ཆོས་ཉིད་ཀྱི་སྙིང་པོར་རིག་པའི་ཡིས་ཤར་དུས་ཡིས་ཀྱི་སྙིང་པོ་རིག་པ་ཁྱབ་ཁརྡལ། རིག་པའི་ཡུལ་དུ་ཡིས་ཤར་བས། ཡིས་ཁྱབ་བརྡལ་ཞུབ་ཆུབ། ཡིས་ཀྱི་ཆོས་ཉིད་ལྔ་སྣང
12b6 བས་ཚད་ཉིད་ལས་སུ་ཐུབ་ཆུབ། རིབ་པའི་ཡིས་རྡོ་རྗེ་སྙིང་པོའི་སྐུ། ལྡན་གྱིས་ཐུབ་པའི་ཡེ་ཤེས། མི་གཡོ་བའི་ཤེས་རབ་འབྱེད་པ་མེད་པའི་སྐུ་མ་འགགས་པའི་ཡིན་ཏན། དེ་ཉིད་རང་བྱུང་གཱི་ཡིས་ཐུག
12b7 རྗེའི་རྩལ་སྣང་ངོ་།། ཆོས་ཉིད་མཁའ་ལ་མི་སྣང་བའི་ཡེ་ཤེས་བརྡལ་ཁྱབ་པར་གནས་ཤེས་རབ་ཀྱི་སྟོབས་ཡེ་ཤེས་ལྔ་སྣང་བས། ཡེ་ཤེས་འོད་ཀྱི་ཚུལ་དུ་གནས་སོ།། བདེ་བའི་ཡེ་ཤེས
iiif viewer powered by OpenSeadragon
12a - 13a