e-texts navigator
Collection
Volume
Page
Wylie

11b1 ཐང་ལ་དེ་བཞིན་དུ་གནས་པ་ནི་རྡོ་རྗེ་སེར་ལངས་མེ་ལོང་གི་གཟུགས་སྙན་སྣང་བ་བཞིན་སྡང་སྟེ། རྫོགས་པའི་དུས་ན་ཤེས་རབ་གཏིང་ཟབ་ཅིང་།། ཆ་འཕྲ་བ་དེ་བཞིན་དུ་སྣང་ངོ་།། མ་རྟོགས་པའི་དུས་ན་སྙིང་རྫིང་བུ་སྟར་གནས
11b2 ཁྲབ་ཆུ་ལྟར་གནས། རྩ་ཕུར་པ་ལྟར་གནས། ནང་འདུ་བརླབ་བཞིས་གཞི་བྱས་ནས། རྐྱེན་ཕྲ་མོ་བསམ་གྱིས་མི་ཁྱབ་པ་འབྱུང་བར་མཁྱེན་པས། སྨན་ལྔས་ནད་ལྔ་ཞི་བ་དང་། བཏར་བ་དང་སྲེག་པ་དང་། བཀྲུ་བ་དང་བཞི་བསྟན
11b3 རྡོ་རྗེ་སེངས་བསྟན་ཏོ།། སེན་ན་བ་རྣམས་ལ་ནི་མི་རྟོགས་པའི་ཏིང་ངེ་འཛིན་དང་། ཆོས་སྤྱོད་དག་པ་བཅུ་བསྟན་པའོ།། ལྟ་བའི་དངོས་པོ་དེ་བཞིན་ཉིད་གདོད་མ་ནས་སྒྲིབ་གཡོག་དང་བྲལ་བ་ནི་སྔོན་བྱུང་གི་སངས་རྒྱས་རྟོགས་པའི་ཡིས
11b4 ཁོང་ནས་ཤར་བ་ནི་རྗེས་འཇུག་གི་སངས་རྒྱསོ།། ཞེས་སྨན་གྱི་བླ་བཻ་དཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་བ་ནི་མ་འཁྲུགས་པའི་སངས་རྒྱས་ལ་མ་བྱས་པའི་ཆོས་བསྟན་པའོ།། ཞེས་རྡོ་རྗེ་སེམས་དཔས་ལུས་ཀྱི་ཀུན་གཞི་གསུངས།།
11b5 ནས་རྡོ་རྗེ་སེམས་དཔའི་མན་ངག་ཚིགསུམ་གྱིས་སྣོད་བཅུད་ཀྱི་ཆགས་ལུགས་བསྟན་ཏེ། རིགས་རང་བྱུང་གི་སྐད་ཅིག་མ། མ་རྒྱུན་འདབ་སྦྱོར་སྐྱེ་བའི་དབང་གིས། ཤེས་པ་རྒྱུ་མར་བྱུང་བ་ནི་གཞི་སྟེ། ཆོས་དང་བག་ཆགས་གཉིས་མེད
11b6 འདྲེས་ཤིང་མཚུང་། རྒྱུ་ཅིག་པ་དང་འབྲས་བུའི་ཚུལ་བྱིན་གྱིས་བརླབས་པ་དང་། མངོན་གསུམ་པའོ།། དེའི་དུས་ནི་འཇིག་རྟེན་སྐོས་ཀྱི་བདག་པོ་དྲུག་གི་སྣོད་བཅུད་དུས་ཀྱིས་ཆ་བཟུང་བ་དྲུག་སྟེ་ལོ་ཟླ་བ་གཉིས། ཞག་ཟ་མ་གཉིས
11b7 དུས་ཚེང་དང་ཆེས་གྲངས་གཉིས་ཏེ་དྲུག། འཇིག་རྟེན་གྱི་མེས་པོ་རྣམས་ནི་ཁྱབ་འཇུག་དང་ཚོགས་བདག་གཉིས་འཇིག་རྟེན་གྱི་ཕྱི་མོ་གཉིས་ནི་གཞོན་ནུ་མ་དང་དབང་མོ་གཉིས། ཡོད་པར་བྱེད་པ་ནོར




iiif viewer powered by OpenSeadragon

11a - 12a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa