| | e-texts navigator
|
11a1 སྒྲིབས། རྣམ་པར་སྨིན་པའི་རྒྱུ་མཐུན་པའི་འབྲས་བུས་གོས་དྲེག་གམ། ས་ལ་ཁ་བ་བབས་པ་བཞིན་བརྩེགས་པས། གཞི་ཆོས་ཀྱི་སྐུ་ལ་ཀུན་བཞི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསླང་ཏེ།
11a2 ཤེས་རབ་ཀྱི་གཏིང་ཟབ་ཅིང་ཆ་འཕྲ་བ་ནི་བརྟག་དཀའ། ཉོན་མོངས་པ་རགས་ཤིང་ཡུལ་དུ་སྣང་བའི་དབང་གིས་ཁམས་གསུམ་དུ་འཁོར། རིག་པ་དྲན་བྱེད་ཀྱི་ཤེས་པ་ནི་འོད་ཀྱི་ཚུལ་དུ་གནས་སོ།། ཚད་ནི་ཉའི་མིག་ཙམ་མོ།།
11a3 དེ་ལས་དྲོད་ཀྱི་དངས་མ་སྦྲུལ་ཙམ། དེ་ལས་ཁྲག་གི་དངས་མ། དེ་ལས་དབུགས་ཀྱི་དངས་མ་ཆགས་སོ།། ཁྲ་ག་དངས་མའི་ཁ་དོག་ཀྱང་། མཚ་ལྕོག་ལ་བཅག་པ་འདྲ་བ། ཆེ་ཆུང་གི་ཚད་ནི་བྱེའུ་ལན་པའི་མགོ་ཙམ་མོ།། དེ་ལ
11a4 ཉོན་མོངས་པ་འདོད་ཆགས་རྒྱུའོ།། དབུགས་ཀྱི་དང་མའི་དྲོད་ལ་གནས་པ་ནི། དྲོད་ནི་ཁ་དོག་དང་རྫས་སུ་མ་གྲུབ་པོ།། གྲོང་ཆེ་ཆུང་གི་ཚད་ནི། གསེར་ས་འོག་དུ་བཅུག་པའི་དྲངས་པ་ཙམ་མོ།། དེ་ལ་ཉོན་མོངས་པ་ཕྲ་དོག་རྒྱུའོ།།
11a5 དང་པོ་ཤེས་པ་དྲན་བྱེད་ཀྱི་ཚོར་བ་ལས། རང་བྱུང་གི་ཡིས་ཤར་བ་ལ། ཆོས་ཉིད་རང་བྱུང་གི་རྩ་ཞེས་བྱ་སྟེ། དེ་ཡང་སྒོ་ལྔ་ལ་རྟེན་པའོ།། དེ་ལ་འཛིན་པའི་ཉོན་མོངས་པ་གང་ཡང་མ་སྐྱེས་པ་ནི། གཉིས་སུ་མེད་པའི
11a6 ཡིས་ཀྱི་རྩ་ཞེས་བྱའོ།། ཉོན་མོངས་པའི་རྒྱུན་འདབ་སྦྱོར་དུ་སྐྱེ་བའི་དབང་གིས་ཤེས་པ་བློ་བུར་དུ་འཆར་བས། བློ་བུར་རྒྱུད་ལས་འབྱུང་བའི་རྩ་ཞེས་བྱའོ།། བློ་བུར་དེས་སྐྱོན་དང་སྔོན་དུ་ཕྱི་བས། སྐྱོན་ཡོམ་དབང་པོ་དངས
11a7 བྱེད་ཀྱི་ཞེས་བྱའོ།། ཙ་ཐཾད་ཀྱི་དང་མ་བཏུས་པ་དེ་ཡང་། ཁ་དོག་ནི་དར་དཀར་གྱི་སྐུད་པ་འདྲ་བ། སྦོམ་ཕྲའི་ཚད་ནི་རྟ་རྔའི་ཉག་མ་ཅིག་བཅུར་བཤག་པ་ཙམ་མོ།། དེ་ལ་ཉོན་མོངས་པ་ཞེ་སྡང་རྒྱུའོ།། སེམས་ཅན
iiif viewer powered by OpenSeadragon
10b - 11b