| | e-texts navigator
|
10b1 བྱའོ། བྱིན་གྱིས་བརླབས་པའི་བཤདུས་ནི།། རྡོ་རྗེ་སེམས་དཔའ་རང་དབང་ཐོབ་པའི་དུས།། ཆོས་ཉིད་མ་དང་འཕྲད་པའི་དུས་ནི།། ལེན་མ་མྱོང་བའི་ལུས་བླངས་མཐོང་མ་མྱོང་བའི་ཡུལ་མཐོང་། ཤེས་མ་མྱོང་བའི་གཏམ་ཤེས་པ
10b2 ངེས་འཁོར་བའི་རུ་བཟློག། བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་བསྒྱུར། འཁོར་བའི་འདམ་རྫབ་རྡོ་རྗེའི་རྫོང་བཅས་པའོ།། རྡོ་རྗེ་སེམས་དཔའི་སྐྱེ་བསྒྱུད་གསུངས་པའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ལུས་ཀྱི་ཀུན་གཞིའི་མན་ངག་འདི
10b3 སྟོན་པས་འགྲོ་བ་ལ་གསུངསོ།། དྲན་པ་ཐཾད་ཀྱི་གཞི་རིག་པའི་ཡིས་སྤྲོས་པ་མེད་པའི་ཐིག་ལེའི་རྟེན་ནི་འོད་ཀྱི་ཚུལ་དུ་གནས་སོ།། དེ་ལ་ཚེའི་རྟེན་གནས་པ་ནི།། ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་བཞིན་གནས་ཏེ། དེ་ཡང་དཔེར་ན་སྒྲ་དཀ
10b4 ནག་ཕུབ་པ་ལྟར་གནས་སོ།། རྩ་ཐ~ཾད་ནི་ཐག་རྒྱངས་པ་ལྟར་གནསོ།། ལུས་ཀྱི་བག་ཆགས་ཀྱི་ཀུན་གཞི་ལ། ལས་ཀྱི་དབང་གཙེ་བས་ཚེའི་ཚད་མ་ངེས་པ་མེད་དོ།། དེ་ལ་དབང་སེམས་དྲན་བྱེད་ཙིཏྟའི་དཀྱིལ་འཁོར་རང་རེའི་ཚོན
10b5 གང་འོད་ཀྱིས་ཐིག་ལེར་གནསོ།། དེ་ཛི་ཏར་གནས་ན། གསེར་གྱི་སྦུ་གུར་རིན་པོ་ཆེའི་སེའུ་བཅུག་པ་ལྟར་གནསོ།། དེ་ནི་ཆོས་ཀྱི་སྐུའི་གནས་སམ་བརྟེན་ཡིན་ཏེ། ཤེས་རབ་ཀྱི་གཏིང་ཟབ་ཅིང་ཕྲ་བ་ཡང་དེའི་ཆ་ལས་འབྱུང
10b6 ཉོན་མོངས་པའི་ཡིད་རྒྱུན་འདབ་སྦྱར་དུ་འབྱུང་བ་ཡང་། སྒོ་ལྔ་ལ་རྟེན་ནས་འབྱུང་བ་ནི། ཀུན་བཞི་ལ་སྒོ་ལྔ་རྟེན་པའི་ཕྱིར་རོ།། དེའི་མཚན་ཉིད་རྟོགས་པར་བྱ་བ་ནི་ཤིན་ཏུ་བཅསོ།། གཉི་སུ་མེད་པའི་ས་རང་བྱུང་དུ་ཤྭ
10b7 བ་ནི་མ་རྟོག། བྲོ་བུར་རྒྱུད་ལོས་བྱུང་བའི་བློས་ལོག་པར་འརྟོགས་པ་མ་རྟོགས་པས་སྲིད་གསུམ་དུ་འཁོར་ཞིང་རྒྱུད་དྲུག་དུ་སྨིན་ན། དེས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས
iiif viewer powered by OpenSeadragon
10a - 11a