e-texts navigator
Collection
Volume
Page
Wylie

10a1 མེད་ལེས་ད་པ་དྷཱ། བྱཐལ་སྟན་རྗེགས་པ་བཅོས་དེ་གི་ང་། དེ་བ་ཉིད་ལ་གནས་པ་ཡིན། མཁྱེད་པའི་ཡས་སུ་ཤཱ་བ།། བཅོས་པ་པའ་འང་རྫོསསྨྲ།། བ། དབྱི་རྒྱུ།
10a2 རང་བྱུང་བས།། སངས་རིན་ཆེན་ཟས་མ་རྟོག། ཚིག་གསུམ་འབྱུང་བ་བཞིའི་གཏེར།། གཞན་གྱིས་མ་ཡིན་རང་བྱུང་སྐུ།། སྙིང་པོ་ཁྱབ་བརྡལ་མཉམ་པའི་དབྱིངས།། སྣང་བ་ཆོས་ཉིད་མ་བཅོས་གཞི།། འགག་མེད་མ
10a3 ཡིས་གཞལ་ཡས་ཁང་།། སྣང་མེད་མཁའ་ལ་འཇའ་ཚོན་སྐུ།། ཚིག་གསུམ་སྣང་བའི་ཆོས་ཉིད་ནི།། སངས་རྒྱས་རིན་ཆེན་ཟ་མ་རྟོག། ཐོག་མར་སངས་རྒྱས་ངོ་སྤྱད།། བར་དུ་ཚིག་དང་ཀཱཅུང་། ཐ་མར་ཡེས་ལ་བཟླ། ཐོག
10a4 མར་སྒྱུ་མ་བྱས་པས། ད་ལྟ་འབྲས་བུ་གཞན་ལ་མི་རེ། དང་པོ་རྐྱེན་གྱིས་འཁྲུལ་པས།། ད་ལྟ་རྐྱེན་ལ་རག་ལུས། ཐ་མ་རྐྱེན་གྱིས་གཞི་སློངས་ནས་འཁྲུལ་པ་གཞི་ལ་ལྡོག་གོ།། རྒྱུ་རྐྱེན་བདག་པོའི་རྐྱེན། དམིགས་པའི་རྐྱེན། མཚུང
10a5 པ་དེ་ལ་ཐག་པའི་རྐྱེན། དམིགས་པའི་རྐྱེད། མཚུངས་པ་དེ་མཐག་པའི་རྐྱེན།། རྐྱེན་གྱིས་འབྲས་བུ་རྒྱུར་ཤར། ཡང་རྐྱེན་གྱིས་རྒྱུ་འབྲས་བུར་ཀློངས། རྐྱེན་གྱི་ཆོས་སྐུ་མ་རིག་པར་འཁྲུལ། རྐྱེན་གྱིས་མ་རིག་པ་རིག་པར་ཤར།།
10a6 སེནཱཾ་དང་སངྱས་དབྱེ་བའི་དུས་སུ་བྱིན་གྱིས་རླབས་ཀྱིས་བཤད་པ་ཡང་། རང་རིག་པའི་ཤེས་རབ་ཀྱིས་བཤད་པས། བྱིན་གྱིས་བརླབ་ཀྱིས་བཤད་པའོ།། ཀུན་ཏུ་བཟང་པོས་ནི་སེན་ཐང་ཐུན་མོངས་དུ་ཁྱབ་གནས་པའི་ཡིསོ།།
10a7 དེ་ནིས་ཆོས་ཀྱི་སྐུ་ཞེས་བྱའོ།། རྡོ་རྗེ་སེམས་དཔས་ཀུན་རིག་ཅིང་མཁྱེན་པས། ཀུན་རིག་རྣམ་པར་སྣང་མཛད་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ།། རྡོ་རྗེ་སོས་པའི་སྐུས་དངོས་སུ་ཆོས་བསྟན་པས།། སྤྲུལ་པའི་སྐུ་ཞེས




iiif viewer powered by OpenSeadragon

9b - 10b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa