| | e-texts navigator
|
9b1 དེ་བཞིན་དུ་དངོས་མེད་ཀཱ་དག་རྣལ་མ་ལ། དུས་ཐམས་ཅད་དུ་མ་བཅོས་མ་སྤད་པའོ།། མི་རྩོལ་མི་སེམས། བློ་བཅོམ་ཏེ་འདོད་དང་རྩིས་བརྡབ་མེད་པར་གནས་སོ།། རྒྱལ་བ་ཀུན་ཏུ་བཟང་པོ་དེ་བཞིན་ག་ཤེགས་པ་དུས་བསྣམ་གྱི།
9b2 སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུང་འདུས་བསྡུས་ནས་གསུང་སོ།། དེ་ནས་ཡང་དཔལ་རྡོ་རྗེ་སེཾས་དཔས་ཐུགས་དགོངས་ཀྱི་བཅུང་བསྡུས་ནས་གསུངས་པ། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས
9b3 དེ་བཞིན་ཉིད་དུ་གཅིག་པས་ན།། གང་གིས་དེ་བཞིན་དེ་ཤེས་ནས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྡོ་རྗེ་སེམས་དཔས་གསུངསོ།། སངས་རྒྱས་ཀུན་གྱིས་དགོངས་པའི་བཅུད།། སེམས་ལྷག་ཅན་གྱིས་བཀའ་སྩལ་པ
9b4 ཀ་དག་རྣལ་མ་རང་དངས་པས།། འདི་ཞེས་ཚིག་ཏུ་མ་གསུངས་པ།། ཁྱབ་པས་ཅིག་པའི་བྱིན་རླབས་ཀྱིས།། ཇི་ལྟར་འདོད་པ་སོ་སོར་འཇལ། ཅེས་གསུངསོ།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། དུས་གསུམ
9b5 བདེ་གཤེགས་ཐུགས་ཀྱི་བཅུད་།། དགོངས་པའི་བཅུད་འདུས་བཀའ་སྩལ་པ།། བསམ་གྱིས་མི་ཁྱབ་ཀུན་ཤེས་ན།། བསམ་དུ་མེད་པར་དེ་བཞག་ན།། དཔག་ཏུ་མེད་པའི་ཡོན་ཏན་འབྱུང་།། རྣམ་པ་ཐཾད་མཁྱེན་པ་ཡིན།
9b6 ཞེས་གསུངས།། དེ་ནས་འོད་གསལ་རྣམ་དག་གིས།། སངས་རྒྱས་ཀུན་གྱིས་ཐུགས་ཀྱི་བཅུད་།། ཀུན་གྱི་རྩ་བ་འདིར་བཅད་པས།། འདི་དོམ་གང་རིག་ཐོས་པའི་མཆོག། ཐམས་ཅད་འདི་ལས་འབྱུང་བས་ན།
9b7 འའདི་ཤེས་ཀུན་ཤེས་ཤེས་རབ་མཆོག། ཅེས་གསུངསོ།། དེ་ནས་གསལ་དག་དང་དངས་ཁྱེའུ་ཆུང་གིས། སངས་རྒྱ་ཀུན་གྱི་ཐུགས་དགོད་པ།། གསང་བའི་ནང་ནས་གསང་ཆེན་འདི།། ཉིད་ཀྱིས་ཉིད་ཀྱང་མི་མཐོང་བར།
iiif viewer powered by OpenSeadragon
9a - 10a