| | e-texts navigator
|
9a1 གཅིག་པ་དང་། མ་གོས་པ་དང་། གོ་འབྱེད་པ་དང་། སྐྱེ་མེད་པ་དང་། འཇིག་པ་མེད་པ་དང་། དབྱིབས་མེད་པ་དང་། ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད
9a2 པ་དང་། མཐའ་དང་དབུས་མེད་པ་དང་། འཕེལ་བ་དང་འགྲིབ་པ་མེད་པ་དང་། འགྲོ་བ་དང་འོང་བ་མེད་པ་དང་། གཡོ་བ་དང་འགུལ་བ་མེད་པ་དང་། ཆགས་པ་དང་གནས་པ་མེད་པ་དང་། འཇིག་པ་དང་སྟོང་པ་མེད་པ་དང་། འགྱུར་བ་དང་མ
9a3 ཁྱབ་མེད་པ་དང་། མི་འབྱུང་བ་དང་མ་ཆུབ་པ་མེད་པ་དང་། སྐྱོ་བ་དང་དུབ་པ་མེད་དང་། མཚན་ཉིད་དང་རྒྱུ་རྐྱེན་མེད་པ་དང་། འབྲས་བུ་དང་རྩོལ་བ་མེད་པ་དང་། མངོན་པར་འདུས་བྱེད་པ་མ་ཡིན་ནོ།། དཔེར་ན་ན་མཁའ་དང་འདྲའོ།།
9a4 ནམཁའ་དེ་ནི། ཡོད་པ་ལས་མེད་པར་འགྱུར་བ་མ་ཡིན། མེད་པ་ལས་ཡོད་པར་འགྱུར་བ་མ་ཡིན། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་འགྱུར་བ་འམ། མི་གསལ་བ་ལས་གསལ་བར་འགྱུར་བ་འམ་ཐ་དད་ལས་གཅིག་ཏུ་འགྱུར
9a5 བ་དང་། ཡིན་པ་ལས་མིན་པར་འགྱུར་བ་དང་། མིན་པ་ལས་ཡིན་པར་འགྱུར་བ་དང། ཉེ་བ་དང་རིང་བ་དང་། དེ་བཞིན་དུ་ཆེ་ཆུང་བཟང་ངན་བདེ་སྡུག་དང་། ཁྱབ་དང་མ་ཁྱབ་དང་། བྱུང་དང་མ་བྱུང་དང་། ངག་དང་མ་དག་དང་།
9a6 གྲུབ་དང་མ་གྲུབ་དང་། མཐོང་དང་མ་མཐོང་དང་། ཡངས་དང་དོཀ་དང་། དབྱིབས་དང་ཁ་དོག་དང་། ཕྱི་དང་ནང་དང་། སྐྱེ་བ་དང་འགག་པ་དང་། འཕོ་དང་མི་འཕོ་དང་། འགྱུར་དང་མི་འགྱུར་དང་། མུན་པ་དང་སྣ་ང་བ་དང་། སྡོམ
9a7 དང་ཕྱི་མ་དང་། མཐའ་དང་དབུས་དང་། གོང་མ་དེ་དག་ཐ~ཾད་ཀྱང་། བདག་དང་གཞན་དུ་གྱུར་པ་དང་། དེ་བཞིན་དུ་བླངས་ནས་དོར་བར་གྱུར་པ་དང་། དོར་བ་ལས་བླངས་པར་གྱུར་པ་མེད་པའི་ཕྱིར།། ན་མཁའ་ནི་ཐམས་ཅད་དུ་མ་བཅོས་པའོ།།
iiif viewer powered by OpenSeadragon
8b - 9b