e-texts navigator
Collection
Volume
Page
Wylie

8b1 ཞིག་ཏུ་རིག་པར་བྱའོ།། བླ་དགས་གང་ཡིན་པ་དེ་ནི་བློ་བུར་མིང་དུ་བཏགས་པ་སྟེ།། ཡེ་ནས་ལྡན་པ་ཡིན་ནོ།། གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ན་ནི། གང་བློ་བུར་བ་ཐམས་ཅད་ཕྱིས་མི་འབྱུང་བར་འགྱུར་རོ།། གང
8b2 ལ་མིང་དུ་བཏགས་གའི་མེད། རྒྱུ་བཏགས་ཆགས་པ་གྲུབ་པ་ཡིན།། དེ་ནི་བྱར་མེད་བྱས་པ་ཡིད།། མི་སྣང་བ་ལ་ཀུན་སྣང་བ་ཐ~ཾང་ཛང་བྲོ་བུར་སྡང་།། སྣང་ཉིང་མེད་པའི་སྙིང་པ་དེ།། ཡོད་མེད་གཉིས་སུ་དམིགས་པ
8b3 མེད།། སངས་རྒྱས་མེད་ལ་སངས་རྒྱས་དང་། བྱང་ཆུབ་ཉིད་ལ་སོགས་པ་ཡིས།། ཐ་སྙད་མིང་གི་བླ་དགས་རྣམས། མི་ཤེས་བློ་ལ་བསྟན་ཕྱིར་བཏགས།། དེ་ལ་དངོས་གཞི་ག་ལ་ཡོད།། ཐ~ཾད་ནས་ཐད་དུ་བླ་དགས་ཀྱི
8b4 མཚན་མ་མེད་དོ།། ཐ་སྙད་མེད་དོ།། རྣམ་པ་མེད་དོ།། ཡུལ་མེད་དོ།། འཇུག་པ་མེད་དོ།། སངས་རྒྱས་པ་མེད་དོ།། ལུང་བསྟན་པ་མེད་དོ།། ངེས་པར་སྙེད་པ་མེད་དོ།། ཡེ་མེད་ཀ་དག་ཡེ་གསལ་རྣམ་མའི་བློ་འདས
8b5 ཐད་ནས་ཐ~ཾད་དུ་བྱང་ཆུབ་པ་ཉིད་དོ།། སྟོང་པ་ཉིད་དོ།། དེ་ཁོ་ན་ཉིད་དོ།། ངེས་པ་དམ་པ་ཉིད་དོ།། གཞན་མ་ཡིན་པ་ཉིད་དོ།། སྐྱེ་བ་མེད་པ་ཉིད་དོ།། འགག་པ་མེད་པ་ཉིད་དོ།། དེ་བཞིན་ཉིད་དོ།། མ་ནོར་བ་དེ་བཞིན་ཉིད་དོ།།
8b6 ཆོས་ཉིད་དོ།། ཆོས་ཀྱིས་དབྱིངས་ཉིད་དོ།། བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ་ཉིད་།། དེ་དག་ཐད་ཀྱང་དངོས་མེད་ཀ་དག་བློ་འོངས་ཉིད་དོ།། ཀ་དག་ཟང་ཀ་དེ་ལ་ས་ཅིག་དང་། མང་པོ་དང་། གཅིག་མང་པོར་སྣང་བ་དང
8b7 མང་པོ་བཅིག་ཏུ་འགྱུར་བ་དེ་ལ་ནི་སི་ཅེས་བྱ་བ་བློ་ལས་འདས་པའོ།། ཐ་དད་ཞེས་པ་གཉིས་སྡང་ལས་གྲོལ་ལོ།། ཞེས་གསུང་སོ།། དེ་ནམ་སངས་རྒྱས་ཀུན་ཏུ་བཟང་པོས།། ཐུགས་ཀྱི་ཡང་སྙིང་བཀའ་སྩལ་པ།། རང་བའི




iiif viewer powered by OpenSeadragon

8a - 9a

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud