e-texts navigator
Collection
Volume
Page
Wylie

8a1 དེ་ནས་རང་བྱུང་དང་དངས་ཀྱིས།། འདི་སྐད་གསུངས། སེམས་ཅན་ཀུན་གྱི་སངས་རྒྱས་རྣམས་ཀྱིས་གསལ་བའི་ཡང་སྙིང་བཅུང་བདུས།། ཡེ་མེད་འདོད་དག་ཀ་དག་ཟང་ཀཱ་རྣལ་མ་བློ་འདས་དེ་མཐོང
8a2 ན་ཡེ་ཇི་བཞིན་པའི་ངོ་བོ་ཀ་དག་ཟང་ཀ་མཐོང་བ་ཡིན་ནོ།། མཐོང་མེད་དངོས་བྲལ་དམིགས་མེད་དེ་ནི་མཐོང་བ་ཡིན་ནོ།། དེ་ལ་ནི་ཆོས་རྡུལ་ཙམ་ཡང་མི་དམིགས་སོ།། དེ་ནི་མཁའི་མཚན་ཉིད་དེ།། དེ་ལ་ནི་བྱང་ཆུབ་པ་ཡང་མེད་པ།
8a3 ཆུབ་པར་བྱ་བ་ཡང་མེད་དོ།། དེ་ལ་སེམས་ཅན་དུ་བདགས་པ་ཡང་མེད་དོ།། ཆོས་ཅན་ཡང་མེད་ལ། ཆོས་ཅན་དུ་བདགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེས་ནཱ། ཆོས་ཐད་ཀ་ངག་པའི་བྱང་ཆུབ་སེམས་ཏེ། མམཁའ་ནི་མཚན་ཉིད་ཛད
8a4 དང་བྲལ་བའོ།། དེའི་ཕྱིར་ན་བྱང་ཆུབ་ནི། ཡེ་མེད་ཀ་དག་བློ་འདས་ལ་བཙལ་བར་བྱའོ།། ཀ་དག་དངོས་མེད་ཟང་ཀིང་།། རང་བཞིན་གྱིས་ཡོངསུ་དག་པའི་ཕྱིར།། དངོས་པོ་མེད་ཅིང་བྲོ་བྱེད་པ་པོ་ལས་འདས་པས།། ནང་ན་ཡང་མེད
8a5 ཕྱི་རོལ་ན་ཡང་མེད།། གཉིས་ཀ་མེད་པར་ཡང་མི་དམིག་སོ།། དེ་ལ་སངས་རྒྱས་ཀྱིས་མ་གཟིགས་མི་གཟིགས།། གཟིགས་པར་མི་འགྱུར་རོ།། ཇི་ལྟར་མ་གཟིགས་ན། ཁ་དོག་དབྱིབས་དང་མུན་པར་སྣང་བར་མ་གཟིགས་སོ།།
8a6 ཕོ་མོ་མ་ནིང་ཁམས་གསུམ་ཇི་ལྟ་བུར་ཡང་མ་གཟིགས།། ཀ་དག་དངོས་མེད་བློ་འདས་ནི།། མིང་དུ་བརྟགས་པ་ཡང་མེདོ།། མང་དུ་བརྟགས་པ་ཐང་ནི་བླ་དག་སུ་རིག་པར་བྱའོ།། དེའི་ཕྱིར་ན་སངས་རྒྱས་ནི་བླ་བཏག་སོ།། ཆོས་ནི
8a7 བླ་དག་སོ།། དགེ་འདུན་ཡང་བླ་དག་མོ།། དེ་བཞིན་དུ་དབྱིངས་དང་ཡིས་དང་། ཆོས་ཀྱི་སྐུ་དང་།། སྐུ་ཐ་དད་པ་དང་། སེམས་ཅན་དུ་འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བཏགས་ཤིང་ཆགས་པ་ཇི་སྙེད་པ་བླ་དགས་འབའ




iiif viewer powered by OpenSeadragon

7b - 8b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud