| | e-texts navigator
|
7b1 རྟགས་པ། བདག་མེད་པ་མ་བཅོས་པ་དེ་ཡིན་པ། ངེས་པ། མ་ནོར་པ། ཇི་བཞིན་པ། མ་འགག་པམ་སྐྱེས་པ། མི་ནུབ་པ་མ་ལྷག་པ། མི་སྣང་བ། མ་བྱུང་བ། མི་འགྲོ་བ། ཡེ་ནས་གནས་པ། ཀུན་ལ་ཁྱབ་པ། མིང་མེད།
7b2 པ། གཟུགས་མེད་པ། མཚན་མ་མེད་པ། ཐ་སྙད་མེད་པ། བལྟར་མེད་པ། བཟུང་དུ་མེད་པ། མཚོན་དུ་མེད་པ། དཔེ་མེད་པ། ཚད་མེད་པ། བརྟག་ཏུ་མེད་པ། རྟོག་གེ་ལས་འདས་པ། དཔག་ཏུ་མེད་པ། བསམ་དུ་མེད་པ། བསམ
7b3 ཀྱིས་མི་ཁྱབ་པ། ཀུན་གྱི་འབྱུང་གནས། ཐ~ཾང་ནས། ཐ~ཾད་དུ་བཏང་སྙོམས་ཆེན་པོའོ།། སྟོང་པ་ཉིད་ལས་རིག་པ། རང་བྱུང་རང་དང་བྱུང་སར་ཐིམ།། དབྱེར་མེད་ཀ་དག་བློ་ལས་འདས།། དངོས་མེད་ཀ་དག་ཟང་ཀ་རྣལ་མ་ཤེས
7b4 སྙིང་པོ། ཡང་སྙིང་། བཅུང་འདུས་དེ་ཁོ་ནའོ།། ཡེ་ཐོག་ཀ་ངག་གི་སངས་རྒྱས་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུང་བསྡུས་པའི་དཔེ་ནི་ཤེལ་གོང་། གསེར་དང་། མམཁའ་ཉི་ཟླ་ནོར་བུ་ཆུ་ཤིང་རྒྱ་མཆེའི་ཚུལ། ཀ་ངག་འགྱུར
7b5 མེད་ཕྱོགས་དང་བྲལ།། འོད་གསལ་ཀུན་འབྱུང་དངོས་མེད་གཡོ་སྒྲོལ་མེད།། ཅེས་གསུངསོ།། རི་བོ་བརྩེགས་པའི་རྒྱུད་ལས།། ཡེ་ཐོག་ཀ་དག་སངས་རྒྱས་ཀྱིས་དགོངས་པའི་བཅུད་བསྡུས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།
7b6 དེ་ནས་འོད་གསལ་དང་དངས་ཀྱིས།། ཡེ་ཐོག་ཀ་ངག་སངས་རྒྱས་ལ།། དུས་གསུཾ་སངས་རྒྱས་ཐཾད་ཀྱིས།། ཐུགས་ཀྱི་ཡང་སྙིང་གསལ་བའི་བཅུད་འདུས་གསུང་དུ་གསོལ།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩ
7b7 པ་དམ་པ་དང་པོའི་སངས་རྒྱས་འོང་མི་འགྱུར་བས་གསུངས་པ། ཆོས་ཀུན་རང་བཞིན་མེད་པ་ཉིད།། མྱ་ངན་འདས་ཞེས་དེ་ལ་བྱ། སྟོང་ཉིད་རང་བཞིན་རྣམ་པར་དག། དེ་ཉིད་མི་འདས་བློ་ལས་འདས།། ཅེས་གསུང་ས།།
iiif viewer powered by OpenSeadragon
7a - 8a