| | e-texts navigator
|
7a1 གང་ཡང་མི་རྟོགས་བས་པ་ལས་འདས།། དངོས་མེད་རྣལ་མ་ཟད་ཀ་ལ།། གང་ལ་སེམས་མེད་རྟོག་འཛིན་མེད།། རིག་ཡིད་དྲན་པསམ་བློ་ལས་འདས།། ཞེ་འདོད་རྩི་བརྡབ་མེད་པས་ཐོབ།། ཐོབ་པའི
7a2 དུས་ན་ངེས་མེད་བློ་ལས་འདས།། སྣང་སྲིང་ཆོས་ལ་དབྱེ་བསལ་མེད།། ཅེས་གསུང་།། རི་བོ་བརྩེགས་པའི་རྒྱུད་ལས།། དངོས་མེད་མ་ཐོབ་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་དང་དངས
7a3 གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། དགོངས་པའི་ཡང་སྙིང་ཇི་ལྟར་འདུས།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགོངས་པའི་ཡང་སྙིང་བཅུད་འདུས་ངས་བཤད་ཀྱིས།
7a4 འཁོར་རྣམས་མ་ཡེང་ཐུགས་ལ་ཞོག། ཨ་ཐ་ཏིཥྛ། བཛྲ་སཏྭ་བྷོ་ཨ་སིདྷི་ཨ་ཨ། བུ་དྷ་སརྦ་མ་ལ་ཏི་ཥྛ་ཐུ་ལ་དུ་ན་ཨ་ཨ། དེ་ནས་ཡེ་ཐོག་སངས་རྒྱས་ཀྱིས།། དེ་བཞིན་གཤེགས་པ་ཐ~ཾད་ཀྱིས།། ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད།
7a5 སངས་རྒྱས་ཀུན་གྱི་དགོངས་འདུས་བཤད།། འོད་གསལ་ངང་དང་ཐུགས་ལ་ཆོངས།། དངོས་མེད་ཀ་དག་བརྗོད་འདས་ཀྱང་། བློ་སྨན་རྟོགས་པ་བསྐྱེད་ཕྱིར་བཤད།། ཆོས་ཉིད་རྣམ་པར་དག་པས་ན། ཆོས་ཀུན་རང་བཞིན་རྣམ་དག
7a6 པ། དེ་བཞིན་གཤེགས་པ་ཐ~ཾད་ཀྱི།། ཐུགས་དམ་ཡང་སྙིང་བཅུས་འདུས་འདི།། དགོངས་པའི་མོང་རྣམས་གཅིག་བསྡུས་པ།། ཡེ་མེད་ཀ་དག་དངོས་མེད་ཀུན་བྱེད་ནི།། སྤྱོད་པ་ཐང་དང་བྲལ་བ།། མཐའ་དང་དབུས་ནི་མི་དམིགས་པ།
7a7 སྒོསློ་བཀུར་མེད་པ། བླང་ངོར་མེད་པ། རྒྱུ་འབྲས་ལས་འདས་པ་ཡེ་ནས་ཟིན་པ། བྱ་བ་མེད་པ་བརྩལ་བ་མེད་བསྒྲུབ་པ་མེད་པ། བརྩལ་དུ་མེད་པ། གཞན་མི་འབྱུང་བ། གཉེན་པོ་མེད་པ། བྱེད་པ་པོ་མེད་པ། མ་བྱས་པ། མ
iiif viewer powered by OpenSeadragon
6b - 7b