| | e-texts navigator
|
6b1 རི་རིག་མ་མྱོ་བས་པ་སྟོང་དབྱེད་མེད་དེ།། རང་བྱུང་བད་གསལ་དང་དང་རྣམ་པར་དག། གསལ་དང་སང་དེ་དང་ལ་ས་སྐབས་མེད།། དེ་ཡིས་སྙིང་བ་ཀ་དག་རྟགས།། ཅི་ཡང་མི་ཡིན་བྱང་ཆུབ་སེམས།།
6b2 དངོས་མེད་རྩིས་བརྡབ་བློ་ལས་འདས་པའོ།། སྙིང་པོ་བཅུད་སྤུངས་གང་མ་ངག་བཤད།། ཅེས་གསུངསོ།། རི་བོ་བརྩེགས་པའི་རྒྱུད་ལས།། སྙིང་པོ་ཀཾ་ངག་རྟོགས་པའི་ལེའུ་སྟེ་བརྒྱད་པའོ།།
6b3 དེ་ནས་དང་དངས་གསལ་དག་གིས་ཡེ་ཐོག་ཀ་དག་སངས་རྒྱས་ལ།། བྱར་མྱེད་བློ་འདས་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། བྱར་མེད་བློ་འདས་ངས་བཤད་ཀྱིས།། འཁོར
6b4 མ་ཡེངས་གུས་པས་ཉོན།། དགུ་རྩེ་སྦྱི་ཏི་ཡོ་ག་ནི། བྱ་བརྩལ་རྩོལ་བ་མི་བྱེད།། མ་ཅོས་ངང་ལ་བཞག་པས་ཆོག། བྱས་པའི་ཆོས་རྣམས་འཇིག་པའི་ཕྱིར།། མ་བྱས་རང་བྱུང་ཆོས་གཅིག་བཤད།། རྩོལ་སྒྲུབ་ཆོས
6b5 རྣམས་ཡིད་སྨོན་ཡིན།། རྩོལ་མེད་སྒྲུབ་མེད་ཆོས་ཅིག་བཤད།། ཞེ་འདོད་པསམ་སྤྱང་བློའི་ཆོས།། ཞེ་འདོང་བྲལ་བློ་འདས་ཆོས་ཅིག་བཤད།། ཅེས་གསུངས།། རི་བོ་བརྩེགས་པའི་རྒྱུད་ལས། བྱར་མེད་བློ་འདས་བཤད
6b6 པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཐོབ་ཀ་དག་སངས་རྒྱས་ལ།། དངོས་མེད་རྣལ་མ་གང་གིས་ཐོབ།། ཞེས་ཞུས་པས། སྟོན་པས་འཁོར་བཀ
6b7 ཐུལ་པ།། དངོས་མེད་རྣལ་མ་ཐོབ་ཐབས་ནི།། ལུས་ངག་ཡིད་གསུམ་རྩོལ་བཞག་ས། མི་ལྟ་མི་སྡོམ་སྤྱོད་ཐོབ་མེད།། དངོས་མེད་ཡེ་ཤེས་བློ་ལས་འདས།། གསལ་སྟོང་དང་ལ་མི་འབྲལ་བ།། སང་ངེས་ལ་ལེ་དངོས་མཚན་མེད།
iiif viewer powered by OpenSeadragon
6a - 7a