e-texts navigator
Collection
Volume
Page
Wylie

6a1 རྟོག་སྟེས། ཡིན་ནམ་ཡིན་ནམ་མིང་གིས་རྣམ་པ་སྐྱེས།། མིང་ལ་རྟགས་པས་སེམསུ་འདོད་པ་སྐྱེས།། སྐྱོན་གྱི་རྩ་བ་རླུང་རིག་རང་འཛིན་གྱིས།། རྫོབ་ཐབས་མི་ཤེས་ཡིད་ཀྱི་འདོད་ཞེན་སྐྱེས།
6a2 དེ་རྣམས་སྟོབས་ཀྱིས་འོད་གཟུགས་ཁ་མིག་ཅན།། དེ་ཡི་སྐྱོན་གྱིས་ཉོན་མོངས་དྲུག་ཏུ་སྐྱེས།། བདག་འཛིན་དུག་ལྔ་འཕོང་པོ་བདག་གིས།། རོས་དྲུག་སེཾན་འཁྲུལ་པས་འཁོར་བར་འཁྱམས།། གཟུང་འཛིན་ཡུལ་སེམས་ཕྱོགས
6a3 རིགས་དགག་སྒྲུབ་སྐྱོན།། སྣང་རྟགས་ཆག་སྡང་སྐྱོན་ལ་བརྗོད་མི་ལང་། ཙ་བ་ཡིད་གཉིས་དེ་བདག་འདོད་དུག་གསུམ་སྐྱོན་གྱིས་རྩ་བ་ཡིན།། ཙམ་གསུངས།། རི་བོ་བརྩེགས་པའི་རྒྱུད་ལས།། སྐྱོན་གྱི་རྩ་བ་བསྟན
6a4 པའི་ལེའུ་སྟེ་འདུན་པའོ།། ། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཏྲོག་ཀ་དག་སངས་རྒྱས་ལ།། སྙིང་པོ་ཀ་དག་གང་གིས་རྟོགས།། ཞེས་ཞུས་པས། སྟོམ་པོས་འཁོར་ལ་བཀ
6a5 སྩལ་པ།། སྙིང་པོ་བཅུད་སྤུངས་སྣང་ཆེར་བཤད།། འོད་གསལ་དང་དངས་ཐུགས་ལ་འཆོངས།། སྙིང་པོ་ཀ་དག་རྟོགས་ཐབས་ལ།། ཞེ་འདོད་བྱ་བརྩལ་རྩོལ་སྒྲུབ་བཞག། མི་ལྟ་མི་སྒོམ་མི་སྤྱོད་བློ་ལས་འདས།།
6a6 དངོས་མེད་ཀ་དག་ཟང་མ་དེ། བྱ་བརྩལ་བསམ་འདས་མཚན་དུ་མེད།། བློ་འདས་བསམ་བྲལ་དགོངས་པས་རྟོགས།། རྟོག་པའི་དུས་ན་ཤེས་བརྗོད་མཐའ་དང་བྲལ།། དངོས་མེད་ཀུན་དངོས་ཅད་མེད་སྤྱིར་སྣང་དེ།
6a7 མེད་མིན་དེ་སྔ་ཚོགས་སྣང་། སྣ་ཚོགས་སྡང་ལ་དངོས་པའི་མེད། ཅང་མེད་མ་ཡིན་གཉི་སུ་སྣང་།། གཉི་སུ་མ་གྲུབ་གཅིག་ཏུ་འདུག། གཅིག་ཏུ་མི་འདུག་དངོས་པོ་མེད།། དངོས་མེད་མཚན་ཉིད་བློ་ལས་འདས




iiif viewer powered by OpenSeadragon

5b - 6b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud