e-texts navigator
Collection
Volume
Page
Wylie

5b1 གཉིས་ལས།། སངྱས་སོན་གཉིས་བྱུང་།། བཞི་གཅིག་ཤུགས་ལས་རྟོགས་བཅས་གཉིས།། སྔོན་ལ་གང་སྐྱེས་ལྡོག་བཅས་སོ།། དོན་རྟོགས་ཀ་དག་ཆོས་ཀྱི་སྐུ།། མ་རྟོགས་འགྲོ་དྲུག་འཁོར་བར་ཁྱམས།
5b2 ཅེས་གསུང་མོ།། རི་བོ་བརྩེགས་པའི་རྒྱུད་ལས།། ཡང་རྒྱས་མ་འཁྲུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་དང་དངས་གསལ་དག་གིས།། ཡེ་ཐོག་ཀ་དས
5b3 སངས་རྒྱས་ལ།། དེ་གཉིས་སྐྱོན་དང་ཡོན་ཇི་ལྟར་ལགས།། ཞེས་ཞུས་པ་ལས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྟོགས་ན་ཡོན་གཉིས་མེད།། མ་རྟོགས་བློ་ལ་སྐྱོན་ཡོན་བྱུང་།། སྐྱོན་གྱིས་རྩཝ་བ་རླུང
5b4 གཡོན་ཡིན།། ཡིས་རླུང་འགྱུ་ཡིད་རྟོག་སྐྱེ་མ་ནུས།། རིག་པ་སྙིང་པོར་ཐིམ་པས་འགྱུ་མ་ནུས།། སྙིང་པོར་རིག་པ་ཐིམ་པས་ཐོག་མར་ཡེ་སངས་རྒྱས།། སྙིང་པོ་མ་དང་འཕྲད་པས་ཡིས་རང་ས་ཟིན།། རིག་ཡིད
5b5 མ་རིག་རྩ་ཆོད་འཁྲུལ་པ་ཀ་ནས་དག། སྙིང་པོའི་ཀློང་གྱུར་ལྗོན་བསམ་མི་ཁྱབ། རྟོགས་ཚད་མཁྱེན་ཚད་སྟོན་བརྗོད་མི་ལང་།། ན་མཁའི་ཁམས་དང་འི་བླ་ནོར་བུའི་ཚུལ།། ཅེས་གསུང་སོ།། རི་བོ་བརྩེགས་པའི་རྒྱུད་ལ
5b6 ཀ་དག་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ངང་དྭངས་གསལ་དག་གིས།། ཐོག་མའི་སངས་རྒྱས་ཀ་དག་ཀུན་བཟང་ལ།། མ་འཁྲུལ་སྐྱོན་ནི་གང་ནས
5b7 བྱུང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྐྱོན་ནི་དྲུང་དང་མ་རིག་པ།། མཉམ་པའི་རང་བཞིན་མི་ཤེས་མ་རིག་རླུང་།། རླུང་ཀྱི་རྐྱེན་བྱས་རིག་པས་ས་ཟིན།། རིག་པས་ས་ཟིན་པས་ཡིད




iiif viewer powered by OpenSeadragon

5a - 6a

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud