| | e-texts navigator
|
5a1 སེམས་ཅན་འཁོར་འདས་གཞི།། ཁྱབ་གཞི་གཡོ་གཞི་འབྱུང་བཞི་ནི།། ཀུན་གཞི་མཁའ་ཀློང་བརྡལ་ཁྱབ་ནི། སངས་རྒྱས་སེམས་ཅན་འཁོར་འདས་གཞི།། དངོས་མེད་མཉམ་པའི།
5a2 སློང་ན་ཀུན་འབྱུང་མཛོད་པོ་ཆེ།། རྩལ་ཟེར་སྣ་ཚོགས་འབྱུང་བའི་བང་མཛོད་ཡིན།། རྒྱ་མཚོའི་ས་གསེར་བང་མཛོད་བཞིན།། མཉམ་ཁས་སྐྱེ་འབྱུང་ཟག་མེད་འགྱུར་བ་མེད།། ཅེས་གསུངས།། རི་བོ་བརྩེགས་པའི་རྒྱུད་ལས།
5a3 སངས་རྒྱས་སེམས་ཅན་གྱི་གཞི་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། གཉིས་ཀའི་གཞི་རུ་མཉིམ་པ་ན།། ཡར
5a4 མར་འཁྲུལ་སྐྱོན་ནི་གང་ནས་བྱུང་།། ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོས་ཁྱབ་པར་མཉམ་པ་ལ།། རིག་དང་མ་རིག་རྫ་མ་གཉིས་ལས།། ཡང་རྒྱས་མར་འཁྲུལ་གཉིས་སུ་བྱུང་།། འགྱུ་དང་མི་འགྱུ་རྣམས
5a5 གཉིས་ལས།། སྐུ་གསུམ་དུག་གསུམ་གཉི་སུ་བྱུང་།། འགྱུར་དང་མི་འགྱུར་རྣམ་གཉིས་ལ། ཐོག་མའི་སངས་རྒྱས་འཁྲུལ་པ་བྱུང་།། ཟིན་དང་མ་ཟིན་རྣམ་གཉིས་ལས།། ཤེས་དང་མི་ཤེས་གཉི་སུ་བྱུང་།། འཕྲང
5a6 དང་མ་འཕྲང་རྣམ་གཉིས་ལས།། འཆང་སྒོ་འཁྲུལ་སྒོ་གཉིསུ་བྱུང་།། རྟོགས་དང་མ་རྟོགས་རྣམ་གཉིས་ལས།། སྐུ་ལྔ་ཁམས་གསུམ་གཉིས་བྱུང་།། ངོ་བོ་གཅིག་ལ་སྣང་ཚུལ་གཉིས།། རྟོགས་དང་མ་རྟོགས
5a7 གཉི་སུ་བྱུང་།། གཅིག་མིན་གཉིས་ནི་ཡིན་མ་ཡིན།། ཕ་རོན་སྐྱེ་དང་ག་བུར་འདྲ།། ངོ་བོ་ཅིག་ལ་སྣང་ཚུལ་གཉིས།། རྐྱེན་དང་གང་ཕྲད་སྨན་དུ་གཉིས།། དངོས་མེད་ཀུན་བྱེད་གཞི་གཅིག་ལ།། རྟོགས་དང་མ་རྟོགས་ནི
iiif viewer powered by OpenSeadragon
4b - 5b