e-texts navigator
Collection
Volume
Page
Wylie

3b1 སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས།། ཕུན་སུམ་ཚོགས་པ་གསལ་བར་བསྟན་པའི་ལེའུ་ས་དང་བར།། དེ་ནས་ཡེ་ཐོག་ཀ་དག་སངས་རྒྱས
3b2 རང་བྱུང་དང་དངས་ཁྱིའུ་ཆུང་གིས།། ཕྱག་བཙལ་སྤུས་རྨུགས་ཐལ་མོ་སྦྱར་གུས་པས་འདི་སྐད་ཞུས་ཨ་ཐ་ཏིཥྛ་མ་ཧཱ་སུ་ཀ་ཧོ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། གང་ཡང་མེད་པའི་སྔོན་རོལ་ན།། སྔོན་ཐོག་ས
3b3 ན་ཇི་ལྟར་གནས།། སངས་རྒྱས་སེམས་ཅན་གཞི་ནི་ཇི་ལྟར་གནས།། ཡང་རྒྱས་མར་འཁྲུལ་སྐྱོན་ནི་གང་ནས་བྱུང་།། དེ་གཉིས་སྐྱོན་དང་ལྟོན་ཇི་ལྟར་ལགས།། སྙིང་པོ་ཀ་དག་གང་གིས་རྟོགས།། བྱར་མེད་བློ་འདས་ཇི་ལྟར
3b4 ལགས།། དངོས་མེད་རྣལ་མ་གང་གིས་ཐོབ།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། དགོངས་པའི་བཅུད་འདི་ཇི་ལྟར་འདུས།། རི་བོ་རྩེགས་པ་དཔེ་ཡིས་ཇི་ལྟར་བསྟན།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད།།
3b5 སྐྱབས་འབྲས་བུ་ཇི་ལྟར་ཐོབ།། ཐེག་དགུའི་ལྷ་སྐོམ་ཇི་ལྟར་ལགས།། དེ་ལས་སྤྱི་ཏི་གང་གིས་སྤགས།། སྤྱི་ཏི་ཡོ་ག་དོན་རྟོགས་ན།། གོལ་སྒྲིབ་འཕྲུལ་པ་ཡོད་དམ་མེད།། ཤེས་མེད་བློ་འདས་ལ་ཆེན་གང་དུ་བཛྲ།
3b6 འཁོར་གྱིས་དོན་དྲིས་བཅོ་བརྒྱད་པའོ།། སྟོན་པས་འཁོར་ལ་སྣང་བར་ཞུ།། ཤིན་ཏུ་ཟབ་པར་བཀའ་གསོལ་ཅིག། ཅེས་ཞུ་བ་ཕུལ་བའོ།། རི་བོ་བརྩེགས་པའི་རྒྱུད་ལས་གླེང་བརླངས་པའི་ལེའུ་སྟེ་གཉིས་པའོ།།
3b7 དེ་ནས་དཔདངས་ཁྱེ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། གང་ཡང་མེད་པའི་སྔོན་རོལ་ན།། སྔོན་ཐོག་དུས་ན་ཇི་ལྟར་གནས།། ཅེས་ཞུས་པས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱིས།། འོད་དང




iiif viewer powered by OpenSeadragon

3a - 4a

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud