e-texts navigator
Collection
Volume
Page
Wylie

3a1 ཚབ་བོ།། མདོར་བསྡུས་ཕུན་སུམ་ཚོགས་ལྔ་ནི།། རང་བཞིན་ངོ་བོ་ཐུགས་རྗེས་གསུམ།། ཆོས་སུ་སྐྱེ་བ་མེད་པའི་སྟོན་པ་དང་།། ལོངས་སྐུ་ཡིས་མཐུའི་སྟོན་དང་།། སྤྲུལ
3a2 སྐུ་བྱིན་གྱིས་བརླབས་ཀྱིས་སྟོན་པ་ནི།། སྐྱེ་མེད་ཡིས་བྱི་རླབས་སྟོན་པ་ཡི།། སྟོན་པ་ཕུན་སུམ་ཆོག་པ་བཤད།། ཚེ་སྐུ་གསུང་དུ་མེད་པའི་སྟོན་པ་དང་།། ལོངས་སུ་རང་གི་ངོ་བོ་སྟོན་པ་དང་།། སྦྲུལ་སྐུ
3a3 གསུང་དུ་བརྗོད་པའི་སྟོན་པ་གསུམ།། མེད་དང་ངོ་བོ་བརྗོད་པ་ནི།། བསྟན་པ་ཕུན་སུམ་ཚོགས་པར་བཤད།། ལོངས་སྐུ་སྤྲུལ་སྐུ་སེམས་དཔའ་ཆོས་སྐུའི་འཁོར།། ས་བཅུ་རིགས་ལྔ་ཡུབ་མོད་སྤྱོད
3a4 རྫོག་སུའི་འཁོར།། རིགས་དྲུག་སྡེ་བརྒྱད་འདོད་དུས་སྤྲུལ་སྐུའི་འཁོར།། རང་རྒྱུད་འབྲེལ་དང་དོན་གྱིས་ཅིག། འདོད་པས་བསྡུས་པའི་འཁོར་རྣམས་ནི།། འཁོར་ནི་ཕུན་སུམ་ཚོགས་པར་བཤད།། ཆོས
3a5 དབྱིངས་རྣམ་པར་དག་པ་ཆོས་སྐུའི་གནས།། ཁྱད་པར་འོག་མིན་ལོངས་སྤྱོད་རྫོགས་པའི་གནས།། ཁང་བཟང་སྤྲུལ་པ་སྐུ་ཡི་གནས།། ཐཾད་བསྡུད་དང་ཁྱད་པར་འཕག། ཁང་བཟང་སྤྲུལ་པ་བཞུག་པ་ནི།
3a6 གནས་ནི་ཕུན་སུམ་ཚོགས་པར་བཤད།། ཆོས་ཞུས་བྱིན་གྱིས་རླབས་ཀྱིས་བཤད་པའི་དུས།། ལོངས་སུས་རང་གིས་ངོ་བོས་བཤད་པའི་དུས།། སྤྲུལ་སྐུས་ཚིག་ཏུ་སྡེབས་ཏེ་བཤད་པའི་དུས།། འདས་དང་མ་འོངས་ད་ལྟར་གསུམ།
3a7 དུས་ནི་ཕུན་སུམ་ཚོགས་པར་བཤད།། སྔོན་བྱུང་རྗེས་འཇུག་གདུང་གསོ་བ་དེ་བཞིནོ།། གཅིག་དང་འབྲེལ་དང་གཏམ་ལ་འབེབས།། མ་ཚང་མེད་དང་དགོས་པ་ཚང་།། རྒྱུད་ཀྱི་ཕུན་སུམ་ཚོགས་པའོ།། ཞེས་གསུངསོ།




iiif viewer powered by OpenSeadragon

2b - 3b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud