e-texts navigator
Collection
Volume
Page
Wylie

2b1 ནི། རང་བཞིན་ཀུན་ཏུ་བཟང་པོས།། རྡོ་རྗེ་སེམས་དཔའ་ལ་ཐུགས་ཀྱི་བསྟན་པ་བྱིན་གྱིས་བརླབས་ཀྱི་བཤད།། སྔོན་འབྱུང་ཕུན་སུམ་ཚོགས་པ་ལྡན།། དེའི་རྗེས་འཇུག་ཕུན་སུམ་ཚོགས་པ་ལྔ་ནི།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།
2b2 སེམས་ལྷག་ཅན་གྱི་འཁོར་རྣམས་ལ།། གསང་སྔགས་ཡང་སྙིང་སྤྱི་ཐེག་བཤད།། འོད་གསལ་གནས་བཤང་ངོའོ་དུས།། རྗེས་འཇུག་ཕུན་སུམ་ཚོགས་ལྔའོ།། དེའི་གདུང་གསོབ་ཕུན་སུམ་ཚོགས་ལྔ་ནི།། ཨུ
2b3 རྒྱན་གནས་སུ་དགའ་རབ་རྡོ་རྗེ་ཡི།། འཇམ་དཔལ་བཤེས་བསྙེན་འཁོར་ལ་རྒྱུད་མྱེའི་སྤྲ་བཤད་རིགས་འཛིན་རིག་པས་བརྒྱུད།། གདུང་གསོ་བ་ཕུན་སུམ་ཚོགས་པ་ལྔའོ།། ཡེ་ཐོག་སྟོན་པའི་རྗེས་འཇུག་གདུང་འཚོབ་པའོ།
2b4 དམ་པ་དང་པོའི་རྗེས་འཇུག་གདུང་འཚོ་བ་ནི།། དེའི་རྗེས་འཇུག་འོད་གསལ་སྣང་མཛད་ཀྱིས།། འོག་མིན་གནས་སུ་ས་བཅུའི་འཁོར་ལ་བཤད།། གསང་སྔགས་བསྟན་པ་རང་གི་ངོ་བོ་ཡིས།། དེ་ཡི་གདུང་འཚོ་བ་ཕུན་སུམ
2b5 ཚོགས་ལྔ་ནི།། གསང་བའི་གནས་སུ་སྟོན་པ་ཧེ་རུ་ཀས།། གསང་སྔགས་སྐྱེད་རིམ་ཞི་ཁྲོའི་འཁོར་ལ་བཤད།། མཚན་མ་སྣ་ཚོགས་དུས།། དམ་པ་དང་པོའི་རྗེས་འཇུག་གདུང་བསོབ་པོ།། རྡོ་རྗེ་སེམས་དང
2b6 གདུང་འཚོ་བ་རྗེས་འཇུག་ནི།། ཁང་བཟང་གནས་སུ་སྤྲུལ་སྐུའི་སྟོན་པ་ཡིས།། མོས་ཚབ་ཀུན་དགའ་བོ་ལ་སྡེ་སྣོད་རྣམ་གསུམ་བཤད།། སྤྲུལ་སྐུའི་ཚིགས་ཏུ་སྡེབས་དེ་བཤད་པའི་དུས།། དེ་ཡི་གདུང་ཚབ
2b7 ཕུན་སུམ་ཚོགས་ལྔ་ནི།། ཀུན་དགའ་བོ་ཡིས་འཛམ་གླིང་ཕུག་པ་རུ།། དགེ་སློང་ལྔ་བརྒྱའི་འཁོར་ལ་མདོ་སྡེ་འདུལ་བ་བཤད།། དུས་ནི་ཚིག་སྡེབས་ཏེ་བཤད་པའི་དུས།། རྡོ་རྗེ་སེམས་དཔའི་རྗེས་འཇུག་གདུ




iiif viewer powered by OpenSeadragon

2a - 3a

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud