| | e-texts navigator
|
14a1 སྟོན་པས་འཁོར་ལ་བཀའ་སྩལ་པ།། དུས་གསུམ་དེ་བཞིན་གཤེགས་པས་གཅིག་ཏུ་བསྡུས།། སངས་རྒྱས་ཀུན་གྱི་ཐུགས་དགོངས་གསང་བའི་ཡང་སྙིང་བཅུད།། བཅུད་འདུས་རི་བོ་བརྩེགས།
14a2 པ་སྐུ་གསུམ་ལྷུན་གྲུབ་བརྩེགས།། དེ་ཕྱིར་སངས་རྒྱས་ཀུན་གྱི་དགོངས་འདུས་རི་བོ་བརྩེགས་བཟུང་།། ཐེག་པ་དགུ་ལས་ཁྱད་པར་འཕགས་པའི་ཕྱིར།། དགུ་རྩེ་སྤྱི་ཏི་ཡོ་ག་བྱ་བར་བཟུང་།། ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་ལ
14a3 ཟླའི་ཕྱིར།། ལ་ཟློ་སྤྱི་རྒྱལ་ཀུན་གྱིས་རྒྱུད་དུ་བཟུང་།། ཅེས་གསུངསོ།། སྟོན་པས་གསུངས་པ། རྒྱུད་འདི་གཏད་པའི་སྣོད་ལྡན་ནི།། རི་བོ་བློ་ལ་ཉི་ཟླའི་སེམས།། རལ་གྲི་ཤེས་རབ་དར་དཀར་རྒྱུད།། ཤེལ་གོང་དམ་ཚིག
14a4 བུ་ཆུང་སྤྱད།། རྡོ་ལྡན་འཇིག་རྟེན་འདི་ན་དཀོན།། བླ་མ་གཙུས་ཁུར་དམ་ཚིག་བསྲུང་།། ཤེས་རབ་ཆལ་སྟོང་ཡོད་ཆེ།། ངང་རིང་དགེ་སེམས་མན་ངག་འཆང་།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། སྣོད་མེད་རྣམས་ལ་མ
14a5 གཏད་གཙུག། ཅེས་གསུངསོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། སངས
14a6 རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་རྫོགས་སྷོ།། མ
iiif viewer powered by OpenSeadragon
13b - 14b