e-texts navigator
Collection
Volume
Page
Wylie

13a1 ཐེས་པའི་ལྔ་སྒོམ་བསྟན་པའི་ལེའུ་སྟེ་བཅུ་ཕྲུ་པའོ།། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་གདག་སངས་རྒྱས་ལ།། དགུ་ལས་སྠི་ཏི་གང་གིས་སྤགས།
13a2 ཅེས་ཞུས་པ་དང་། སྨོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་སྔགས་དང་མ་སྤགས་མེད།། བློ་ཁྱད་དགུ་རྩེའི་སྤྱི་རྗེའི་སྔགས་ཚུལ་ནི།། སངག་བློ་འདས་ཞེ་འདོད་རྟེན་མེད་ཀྱི། ཕྱོགས་བྲལ་ལྟ་བ་དགུ་ལས་སྔགས
13a3 ཡིད་སེམས་གཡོ་འགུལ་གང་ལ་བསམ་སྒོ་མེད།། དྲན་སེམས་གང་ལ་མི་སྐྱེ་མི་སྒོམ་པའི་རྒྱལ་པོར་སྤགས།། གང་ཡང་མ་ཆགས་ཡིད་སྤྲོན་བློ་ལས་འདས།། ཅེས་གསུངས།། རི་བོ་བརྩེགས་པའི་རྒྱུད་ལས།། དགུ་ལས་སྠི་ཏི
13a4 འཕམས་པའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་ངག་སངས་རྒྱས་ལ།། དགུ་རྩེགས་རྟོགས་ན་གྲོལ་སྒྲིབ་ཡོད་དམ་མེད།། ཅེས་གསུངས
13a5 སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་རྗེ་བློ་འདས་འདི་རྟོགས་ན། གྲོལ་སྒྲིབ་འཁྲུས་པ་གང་ཡང་མེད།། སྟོང་གསལ་ཀ་དག་གསལ་དགྲ་སྟོང་།། ཡེ་མེད་གདོད་ནས་དངོས་གཞི་མེད།། གོལ་སྒྲིབ་འཁྲུལ་གསུམ་ཀ་ནས་ད
13a6 ས་གསུངསོ།། སྟོན་པས་འཁོར་ལྔ་ཡང་གསུང་པ།། དེ་མ་རྟོགས་ཀྱི་གང་ཟག་ལ།། རྒོལ་སྒྲིབ་འཁྲུལ་པ་བས་མཱ་མི་ཁྱབ།། ཐིག་དེ་ལ་བཅུ་ཚན་བཅུ།། གོལ་སྒྲིབ་སུམ་རྒྱ་དྲུག་བཅུ་ཡོད།། མདོར་བསྡུས་རྣམ་པ་གསུ
13a7 དུ་བསྡུས།། གནས་དོན་མ་རྟོགས་སྒྲིབ་པ་ཡིན།། ཀ་དག་མ་རྟོགས་འཁྲུལ་པ་ཡིན།། འོག་མ་འོག་མའི་ལྷ་སྒོམ་གྱིས།། གོང་མ་གོང་མ་སྒྲིབ་པ་ཡིན།། ཞེས་གསུངསོ།། རི་བོ་བརྩེགས་པའི་རྒྱུད་ལས།། གོལ་སྒྲིབ




iiif viewer powered by OpenSeadragon

12b - 13b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud