| | e-texts navigator
|
12b1 ན་ཅེས་གསུངས་སོ།། སྟོང་པས་འཁོར་ས་བཀའ་སྩལ་པ།། ཐེགགའན་དེ་འདོད་ངས་མ་བཤད་།། རྩོལ་མེད་ལེ་ནས་འབྲས་བུ་བསྟད།། རང་དང་ས་ཁྱེའུ་ཆུང་ཐུགས་ལ་འཆོངས།། ཡེ་ནས་ངག་དང་དངོས་མེད་དེ།། རང་ལ་ག་།
12b2 མ་ཉིད་ངས་གནས།། ཀ་ངག་བློ་འདས་རྟོགས་པས་ཐོབ།། དེ་ལ་འབྲས་བུ་ཐོབ་ཞེས་བཤད།། ཅེས་གསུངསོ།། རི་བོ་བརྩེགས་པའི་རྒྱུད་ལས།། འབྲས་བུ་བསྟན་པའི་ལེའུ་སྟེ་བཅཝ་ལྔ་པའོ།།
12b3 དེ་ནས་དང་དངོས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། ཐག་དགུའི་ལྷ་སྒོམ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཡེ་ཐོག་སྟོན་པས་བཀའ་སྩལ་པ།། སྙིང་པོ་བཀའ་དག་ལྟར་མེད་ཀྱང་།། བློ་ཁྱད་ཐེག
12b4 པའི་ལྷ་སྒོམ་བཤད།། ངང་དང་ཁྱེའུ་ཆུང་ཐུགས་ལ་འཚངས།། ཉན་ཐོས་པའི་ལྷ་སྒོམ་ནི།། ཡུལ་རྡུལ་གང་ཟག་བདག་མེད་ལྟར། འབོག་པའི་སྙོམས་འཇུག་ཚོགས་དྲུག་ཡུལ་བཞག་སྒོམ།། རང་རྒྱལ་བའི་ལྷ་སྦོམ་ནི
12b5 རྟེན་འབྲེལ་བཅུ་གཉིས་རྣམ་པར་རིག་བྱེད་ལྟ། བྱང་ཆུབ་སེམས་དཔའི་ལྷ་སྒོམ་ནི། བདེན་པ་གཉིས་སུ་ལྟ་ལ་སྟོང་པར་བསྒོམ།། གསང་སྔགས་ཕྱིར་རྒྱུད་ལྷ་སྒོམ་ནི།། དག་པ་ཆོས་ཉིད་ཀྲི་ཡའི་ལྷ་དྲུག་བསྒོམ།། ཨུ་པ་ཡ
12b6 ལྷ་སྒོམ་ནི།། དཔོན་གཡོག་ཚུལ་ལྟ་སུམ་བཅུ་རྩ་བདུན་བསྒོམ།། ཡོ་ག་པ་ཡི་ལྷ་སྒོམ་ནི།། སྐྱེ་འགག་གཉིས་མེད་བྱང་ཆུབ་རྣམ་ལྔ་བསྒོམ།། སྐྱེང་རྫོགས་རྣམ་གསུམ་ལྟ་སྒོམ་ནི།། སྣང་སྟོང་གཉིས་མེད་ཏིང་འཛིན་རྣ
12b7 གསུམ་སྒོམ།། ཨ་ནུ་ཡོ་ཀའི་ལྷ་སྒོམ་ནི།། དབྱིངས་དང་ཡིས་མ་སྐྱེད་རྫོགས་ཚུལ་སྒོམ།། ཨོཾ་ཏི་ཡོ་གའི་ལྷ་སྒོམ་ནི།། སྣང་སྲིང་ཆོས་སྐུ་སྟོང་པ་ཧང་པོ་སྒོམ།། ཞེས་གསུངསོ།། རི་བོ་བརྩེགས་པའི་རྒྱུད་ལས
iiif viewer powered by OpenSeadragon
12a - 13a