e-texts navigator
Collection
Volume
Page
Wylie

12a1 འརྫེ་པ། འདག་བསྙད་པའི་འཐུང་སྟེ། དངས་མེ་ས་བཅས་ཐས་པ་ལ་དངས་པར། སངག་བློ་འདས་བྱང་མ་འདྲེགས།། ཡནས་རྒྱུན་མ་མེད་པའི་ལྗིད།། དཔྱིར་ངན་མཆགས་པའི་ད
12a2 ཅེས་གསྲུང་ངོ་།། རི་བོ་བརྩེགས་པའི་རྒྱུད་ལས།། རི་བོའི་དཔེ་སྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་དང་དང་ཁྱེའུ་ཆུང་གིས།། ཡེ་ཐིག་འདག་སངས་རྒྱས་ལ།། གསང་སྔན
12a3 བརྡའ་ཡིས་ཇི་ལྟར་བཤད།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། གསང་སྔགས་ལྟ་བསྒོམ་བརྡའ་ཡིས་བསྟན།། དང་དངས་ཁྱེའུ་ཆུང་ཐུགས་ལ་འཆོངས།། ཁྱུང་ཆེན་ན་མཁར་ལྡིང་བ་དང་།། རུས་སྦལ
12a4 མཁར་གཞེར་བཅུག་པ་དང་།། བསྐོན་པ་གླང་པོ་ཆུར་ཞུགས་དང་།། རི་རྒྱལ་ལྷུན་པོ་འགྱུར་མེད་དང་།། ཤེལ་གོང་ནོར་བུ་རིན་ཆེན་གསེར།། བརྡབ་དོན་གནད་འགྲོལ་མན་ངག་འདིས།། ཤེས་རབ་ཅན་གྱི་བརྡའ་གནང་བཀྲོལ།། ཞེས
12a5 གསུངསོ།། སེང་གེ་ན་མཁའི་འབྲུག་ཐོས་དང་།། དུས་སྦལ་མཐའ་ལ་སྟེག་པ་དང་།། རལ་གྲི་སྣུམ་གྱིས་ངར་བཏགས་དང་།། གླང་པོ་དམག་གིས་ཚོགས་སྒྱུར་དང་།། བཀྲེས་པ་གཡོས་ལེགས་ཟས་ཐ་དང་།། གཙོམ་གཡོལ
12a6 དང་བྲལ་བ་དང་། མེ་ལོང་དྲི་མ་བྲལ་བ་དང་། ཉི་མ་སུན་པ་མེད་པ་དང་།། རྒྱ་མཚོ་ག་ཡོ་འགུལ་མེད་པ་དང་།། དུང་ཉིད་ཡེ་དག་དཀར་བ་དང་། སྒྲོན་མ་མུན་པ་སེལ་བ་དང་།། ཆུ་བོ་རྒྱུན་ཆང་མེད་པའོ།། ཅེས་གསུང་སོ
12a7 རི་བོ་རྩེགས་པའི་རྒྱུད་ལས།། གསང་སྔགས་བརྡའ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། དེ་ནས་དང་རངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་ངག་སངས་རྒྱས་ལ། མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོན།




iiif viewer powered by OpenSeadragon

11b - 12b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud