e-texts navigator
Collection
Volume
Page
Wylie

10b1 སྐད་ཅིག་མ།། དེ་བཞིན་ཉིད་ན་བདེ་ཆེན་ཐོབ།། ཅེས་གསུངས་སོ།། ཡང་རིག་པའི་རྒྱལ་པོས་གསུངས་པ།། ཀ་དག་རྣལ་མ་དེ་ཉིད་ནི།། དཔག་ཅིང་གཞལ་བར་མཐའ་ཡས་པས།། དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན།། དེ་ན་ཀུན་བཀོད།།
10b2 ཀུན་དེར་གཅིག་གནས།། ཞེས་གསུངསོ།། ཡང་དངོས་མེད་ཀུན་བྱེད་དགོངས་པའི་བཅུད་གསུངས་པ། ཡེ་ནས་ཀ་དག་མ་བཅོས་ཇི་བཞིན་པ།། ཆོས་སོ་ལྕོག་གི་སྙིང་པོ་སྟེ།། མེད་པ་ལས་བྱུང་སྣ་ཚོགས་སྣང་།། སྣང་མེད་དེ་བཞིན
10b3 དཀྱིལ་འཁོར་རྫོགས།། ཞེས་གསུངསོ།། དེ་ནས་ཅང་མེད་ཅིར་སྣང་གཅོས་ཀྱི་དགོངས་འདུས་གསུངསོ།། དེ་བཞིན་ཉིད་དུ་དོན་བསྟན་དུ།། དེ་བཞིན་ཉིད་དུ་ཀུན་གཅིག་པས།། གང་གིས་གང་ལ་གང་ཞིག་བསྟན།། ཉིད་ལ་ཉིད་གླེང་ཁོ་ནར་ཐ
10b4 ཅེས་གསུངས།། སེམས་ཉིད་ཀུན་བྱེད་རྒྱལ་པོས་དགོངས་པའི་བཅུད་གསུངས་པ།། ཇི་རྙེད་བསམ་གྱིས་མི་ཁྱབ་པའི།། ཆོས་ཀུན་ཀ་དག་སྟོང་རིག་ན།། སངས་རྒྱས་ཀུན་དང་མཉམ་སྦྱོར་བར།། རྣལ་འབྱོར་ཆེན་པོའི་བསམ་གཏན་ཡི
10b5 ཞེས་གསུངསོ།། གསལ་དངས་སྤྲོས་གཅོད་ཀྱིས་གསུངས་པ།། ཀ་དག་སྒྲ་བརྗོད་མེད་པ་ལས།། བདེ་མཚོན་ཕྱིར་ན་ཐཱ་སྙང་བརྗོད།། གང་བརྗོད་པ་ཉིད་དངོས་མེད་ཉིད།། དེ་ཉིད་སྤྲོས་མེད་བློ་འངས་དོན།། ཞེས་གསུངསོ།། དེ་ནས་རང་བྱུང
10b6 རང་རིག་གིས་གསུངས་པ།། དངོས་མེད་ཀུན་སྣང་ཀུན་གྱི་གཞི།། སེམས་ཅན་སངས་རྒྱས་གཉིས་ཀྱི་དབྱིངས།། རིག་དང་མ་རིག་གཉིས་ཁོ་ན།། ངག་དང་མ་དག་གཉིསུ་སྣང་།། ཞེས་གསུངསོ།། དེ་ནས་རང་དངས་ཆེན་གྱིས་གསུངས་པ།
10b7 བསམ་གྱི་མི་ཁྱབ་མི་ཤེས་པར། བསམ་མེང་ངང་དུ་གང་འཇོག་པ།། བྱིས་པ་དེ་ནི་བླུན་པ་ཡིན།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། ཞེས་གོལ་བར་གསུངས།། དེ་ནས་འཛིན་མེད་ཀུན་གསལ་གྱིས་གསུངས་པ།། བསམ




iiif viewer powered by OpenSeadragon

10a - 11a

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud